སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ཐད་ཕན་འབྲས་གསར་པ་ཐོབ།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོར་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཉེན་མེད་འཐབ་ཇུས་ལག་བསྟར་བྱེད་པ། སྤྱིའི་ཐབས་ཇུས་དང་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཞིག་གསོ་དང་རྒྱལ་སའི་ལྗང་བསྒྱུར། ཆུའི་འགོ་ཁུངས་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་དོ་དམ་གཙོ་གནད་འཛིན་པ། རྒྱལ་སའི་ཁྱབ་ཁོངས་བཀོད་པ་ཇེ་ལེགས་གཏོང་བ་བཅས་བྱས་ནས། རིམ་པ་མང་པོ་དང་གོ་རིམ་ཅན་གྱི་རང་བྱུང་ས་ཁོངས་ཀྱི་མ་ལག་དང་མཐུན་སྦྱོར་འབྲེལ་མཐུད་ཀྱི་རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་བཅས་ཀྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཆགས་པར་བྱས་ནས། མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་བཏང་སྟེ། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འཛམ་གླིང་སྐྱེ་ཁམས་ཉེན་མེད་འགན་སྲུང་ཐད་བྱས་རྗེས་བཞག་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱུང་བ།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཞི་རྩའི་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ།རྒྱལ་སའི་ཁྱབ་ཁོངས་ཇེ་ལེགས་གཏོང་རྒྱུ་དེ་རྨང་གཞིར་འཛིན་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཆགས་པ་དང་།རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གསར་གཏོད་བྱེད་སྟངས་འཚོལ་ཞིབ་བྱས།
བོད་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་ལམ་ཐིག་གསུམ་གྱི་འཆར་འགོད་དཔེ་སྟོན་པར་རིས། |
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སའི་ཁྱབ་ཁོངས་གསར་སྤེལ་སྲུང་སྐྱོང་གི་སྤྱིའི་སྒྲིག་བཀོད་དཔེ་སྟོན་པར་རིས། |
རང་སྐྱོང་ལྗོངས་ཀྱི་ཁོངས་གསུམ་དང་ལམ་ཐིག་གསུམ་གྱི་དབྱེ་འབྱེད་གྲུབ་འབྲས་དེ་༢༠༢༣ལོའི་ཟླ་༤པར་རང་བྱུང་ཐོན་ཁུངས་པུས་དངོས་སུ་བེད་སྤྱོད་བྱེད་འགོ་བརྩམས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སའི་ཁྱབ་ཁོངས་འཆར་འགོད་༼༢༠༢༡ལོ་ནས་༢༠༣༥ལོའི་བར༽ལ་༢༠༢༤ལོའི་ཟླ་༤ཚེས་༢༢ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སའི་ཁྱབ་ཁོངས་འཆར་འགོད་མ་ལག་གཞི་རྩའི་ཆ་ནས་ཆགས་པ་རེད། བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ཐོག་དང་པོར་རྨོ་ཞིང་དང་སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་གནས་ཚུལ་གསལ་རྟོགས་ཐུབ་པ་དང་།ཁྱབ་ཁོངས་རིགས་ཀྱི་སྤྱིའི་འཆར་འགོད་སྒྲིག་བཟོ་ཡོངས་སུ་་ཐོག་མར་ཁེབས་པ་དང་། ཚད་འཇལ་གཞི་གྲངས་ཀྱི་ལེགས་སྒྲིག་དང་།བསྡོམས་རྩིས།དབྱེ་ཞིབ།དབྱེ་འབྱེད་བཅས་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བས།གྲངས་ཀ་དང་།ཐིག རི་མོ་བཅས་གཅིག་མཐུན་ཡོང་བར་བྱས་པས། རྒྱལ་སའི་ཁྱབ་ཁོངས་འཆར་འགོད་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
གཙོད་གནས་སྤོ་བྱེད་སྐབས་གཞུང་ལམ་བརྒལ་ནས་འགྲོ་བཞིན་པ།
རྐྱང་། |
གསའ། |
གནའ་བ། |
སྣ་མ། |
སྟར་ཀའི་སྡོང་པོ། |
བྲེ་སེར་འབྲོང་། |
གཙོད། |
དྲེད་མོང་། |
ཁྲུང་ཁྲུང་སྐེ་ནག |
ཤིང་པདྨ། |
གསོམ་སྡོང་། |
རྒྱལ་སའི་ལྗང་བསྒྱུར་བྱ་སྤྱོད་ལ་སྐུལ་བ།
སྐྱེ་ཁམས་ཉེན་མེད་སྲུང་ཡོལ་ལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་དང་།རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ།རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་ལས་གཞི་ལག་བསྟར་ཟབ་མོ་བྱེད། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་ནས་བཟུང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་སོ་དགུ་དང་བྱེ་བ་བཞི་ས་ཡ་ལྔ་བཏང་ནས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་།རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན།བྱེ་འགོག་བྱེ་བཅོས།རྩྭ་ཐང་སྲུང་སྐྱོང་།ས་ཆུ་ཤོར་བར་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཞིག་གསོའི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
མངའ་རིས་སེང་གེ་ཁ་འབབ་ཀྱི་བྱེ་འགོག་བཅོས་སྐྱོང་ལས་གཞི།
གྲ་ནང་རྫོང་གི་བྱེ་འགོག་བཅོས་སྐྱོང་ལས་གཞི། |
ཆུ་ཤུར་རྫོང་ཚ་རགས་ཤང་འབབ་རྒྱུན་གྱི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། |
ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཞེ་ཀུའུ་ཡི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། |
ཡར་ཀླུང་གཙང་པོའི་འབབ་རྒྱུན་གྱི་བྱེ་འགྱུར་ས་གཤིས་བཅོས་སྐྱོང་ལས་གཞི།
གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་རི་གཞུང་ཤང་གི་སྐྱེ་ཁམས་བཅོས་སྐྱོང་། |
སྣ་དཀར་རྩེ་རྫོང་ཆང་ཡུང་འཁྱགས་དར་ལྟ་ཞིབ་ཚད་ལེན་ས་ཚིགས། |
༢༠༡༢ལོ་ནས་༢༠༣༠ལོའི་བར་གྱི་ལྷ་སའི་ལྷོ་བྱང་གི་རི་ཀླུང་ལྗང་བསྒྱུར་ལས་གཞིའི་འཆར་འགོད་དཔེ་སྟོན་པར་རིས།
ལྷ་སའི་ལྷོ་བྱང་གི་རི་ཀླུང་ལྗང་བསྒྱུར་གྱི་ཕན་འབྲས་ཁག་ཅིག
འཛམ་གླིང་ཐོག་མཚོ་འཕགས་ཆེས་མཐོ་བ་དང་རྒྱལ་ནང་གི་རྒྱ་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་གྱི་རང་བྱུང་བརླན་ས་སྟེ་ལ་ལྷོ་བརླན་ས།
ཉིང་ཁྲིའི་རང་བྱུང་ནགས་ཚལ་གྱི་སྲུང་སྐྱོང་ལས་གཞི། |
ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྡོང་འཛུགས་ནགས་སྐྲུན། |
རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་གནས་འཛུགས་སྐྲུན་བྱས་པ།
བོད་ལྗོངས་ཀྱི་གཙང་པོ་དང་མཚོ་དང་མཚེའུ། རྩྭ་ཐང་ཆེན་པོ།ན་འདམ་ཆེན་པོ།ནགས་ཚལ་ཆེན་པོ།གངས་རི་ཆེན་པོ་སོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ནས། རང་བྱུང་སྲུང་སྐྱོང་དང་།མི་དམངས་ལ་ཞབས་འདེགས།རྒྱུན་མཐུད་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་འཛིན་པ་དང་རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་བྱེད་པ།རིགས་འདྲ་མིན་གྱི་རང་བྱུང་སྤྱི་གླིང་ཁ་གསབ་བཅས་བྱེད་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོང་ས་གནས་ཀྱི་མ་ལག་འཛུགས་གང་ཐུབ་བྱེད།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།
ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། |
ཡར་ཀླུང་གཙང་པོའི་གྲོག་རོང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། |
རྭ་འོག་མཚོའི་བརླན་སའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། |
གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་བྱང་ཐང་ས་ཁུལ། |
ཡར་ཀླུང་གཙང་པོའི་དབུས་རྒྱུད་གྲོག་རོང་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་ |
གནམ་མཚོའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། |