headerbg
 
zhongyangguanxinbottom

ཀྲུང་དབྱང་གི་ཐུགས་ཁུར།

བོད་ལྗོངས་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། རྒྱལ་ཁབ་ཀྱི་གལ་ཆེའི་བདེ་འཇགས་སྲུང་ཡོལ་དང་། སྐྱེ་ཁམས་ཉེན་མེད་སྲུང་ཡོལ། འཐབ་ཇུས་ཀྱི་ཐོན་ཁུངས་གསོག་འཇོག་རྟེན་གཞི། ནུས་ཁུངས་གཙང་མའི་རྟེན་གཞི། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་གནས་མཆོག་བཅས་དང་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་གོར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱིས་ཀྲུང་གོའི་ཁ་བྲལ་གཏོང་བའི་ལྐོག་ཇུས་བཀག་འགོག་བྱེད་པའི་གཡུལ་ས་གལ་ཆེན་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གཙོ་གནད་ས་ཁུལ་བཅས་ཡིན།