headerbg
 
zhongyangguanxinbottom

གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

གྲོང་གསེབ་དེང་རབས་ཅན་དུ་བསྒྱུར་བ་དེ་བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་མཛུབ་སྟོན་དུ་བཟུང་ནས།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་དེ་སྐུལ་འདེད་གཏོང་བ།གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་པས།གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དང་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་ཇེ་བརྟན་དུ་གྱུར་ཡོད།


དབུལ་བྲལ་འགག་སྒྲོལ་ཐད་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ།


ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བསྡོམས་པས་འབུམ་བརྒྱད་དང་ཁྲི་ལྔ་ཇེ་ཉུང་དུ་ཕྱིན་པ་དང་།དབུལ་ཕོངས་སུ་འགྱུར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་གྲངས་གནས་བཞི་ཚེག་བཞི་མར་ཆག་ཡོད། མི་འབོར་འབུམ་གཉིས་དང་ཁྲི་དྲུག་སྟོང་དྲུག་ལ་ཕན་ཐོགས་ནས་གཞན་ཡུལ་དབུལ་སྐྱོར་གནས་སྤོ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་།སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ཡོད། རྫོང་དང་ས་ཁུལ་དོན་བཞི་ཚང་མ་དབུལ་ཕོངས་ལས་ཐར་ཞིང་།ཚགས་འཛུགས་བྱང་འགོད་བཟོས་པའི་དབུལ་ཕོངས་མི་གྲངས་འབུམ་དྲུག་དང་ཁྲི་གཉིས་སྟོང་བརྒྱད་ཡོད་པ་ཚང་མ་དབུལ་བྲལ་ཐུབ་ཡོད་པས། ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་གནད་དོན་གྱི་འཆིང་རྒྱ་ལས་གྲོལ་བ་རེད།



གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོངཤེལ་དཀར་གྲོང་རྡལ་དགའ་ལྡན་གྲོང་ཚོ་དང་ཕན་སྐྱིད་ཤང་གྱེས་ཚང་གྲོང་ཚོའི་གནོད་རྗེས་བསྐྱར་སྐྲུན་གྱི་བདེ་བཀོད་གནས།



ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་ཝ་ཁོག་གྲོང་ཚོའི་གཞན་ཡུལ་དབུལ་སྐྱོར་གནས་སྤོའི་བདེ་བཀོད་གནས།



གྲོང་གསེབ་དར་རྒྱས་ལ་མུ་མཐུད་ནས་སྐུལ་འདེད་བཏང་།


བླ་མེད་རྒྱལ་ཁོངས་སྲུང་སྐྱོང་མཁན། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། གྲོང་ཚོ་སྟོང་གི་དཔེ་སྟོན། གྲོང་ཚོ་ཁྲིའི་བཅོས་སྐྱོང་ལས་གཞིའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། དབུལ་སྒྲོལ་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་བཏང་ནས། མཐོ་སྒང་གི་མཛེས་སྡུག་ཡིད་འོང་གི་གྲོང་གསེབ་འཛུགས་སྐྲུན་བྱས།



༢༠༢༡ལོར་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཉིས་ཁྲི་བདུན་བཏང་ནས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་ངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་།གསང་སྤྱོད་ཁང་བསྒྱུར་བཀོད།གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ།




ནག་ཆུའི་ཞིང་འབྲོག་ཁེ་ལས་ལེའོ་ཉིང་དུ་བསྐྱོད་དེ་ལའོ་ཉིང་གི་ཚོང་དོན་གྲོས་མོལ་ཚོགས་འདུ་དང་ཞིང་ལས་དངོས་མང་སྟོན་ཚོགས་ལ་ཞུགས་པར་སྒྲིག་འཛུགས་བྱས།



རྒས་དུས་བརྟེན་ས་ཡོད་པ་སྟེ། གྲོང་ཚོའི་གཅིག་བསྡུས་བདག་སྐྱོང་ལྟེ་གནས།



སྨན་བཅོས་ལས་དོན་གཞི་རིམ་དུ་སྤེལ་བ་སྟེ། ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་བྱེད་པ།