སྐྱེ་ཁམས་དམངས་ཕྱུག་ལས་གཞི་མི་སེམས་སུ་འཇགས་པར་བྱས།
སྐྱེ་ཁམས་ཁོར་ཡུག་ཡག་མོ་རྒྱུན་འཁྱོངས་བྱེད་པ་ནི་ཆེས་ཡོངས་ཕན་གྱི་དམངས་འཚོ་བདེ་སྐྱིད་རེད། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་ལག་ལེན་གསར་གཏོད་ལ་བརྟེན་ནས། སྐྱེ་ཁམས་གསབ་འཇལ་དང་སྐྱེ་ཁམས་དར་རྒྱས་གཏོང་བ་གཙོ་བོར་འཛིན་པ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཡག་མོ་མཉམ་སྐྲུན་དང་སྐྱིད་པའི་འཚོ་བ་མཉམ་སྤྱོད་བྱེད་པའི་འཁོར་རྒྱུག་བཟང་པོའི་ཡུན་ཕན་ལམ་ལུགས་ཆགས་པར་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དམངས་ཕྱུག་གི་དཔེ་མཚོན་སྔོན་ལ་གཏོད་པ་དང་། དུས་རབས་གསར་པར་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ལེའུ་གསར་པ་བསྐྲུན་ཡོད།
ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང་། དྭངས་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་སྟེ། ལྷུན་རྩེ་རྫོང་།
ཁག་ལྔ་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང་། དྭངས་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་སྟེ། ལྷ་ས་གྲོང་ཁྱེར་སྣེའུ་སྤེལ་ཁུལ་གསར་པའི་སྟག་གདོང་གྲོང་ཚོ། |
ཁག་བདུན་པའི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང་། དྭངས་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་སྟེ་འདམ་གཞུང་རྫོང་། |
ནུས་ཤུགས་ཡོད་རྒུས་གླིང་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་།
སྤོ་མེས་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གཞི། |
ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་པེ་ཏིང་གྲོང་ཚོའི་སྒོ་རའི་དཔལ་འབྱོར། |
གནམ་མཚོའི་སྐྱེ་ཁམས་ཡུལ་སྐོར། |
བོད་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐཱན་འདུས་ཉོ་ཚོང་གི་གན་རྒྱ་འཇོག་པའི་མཛད་སྒོ། |
འབྲི་ཆུའི་པེ་གོ་གྲོང་ཚོའི་རི་ཉིལ་ལྟ་ཞིབ་ཚད་ལེན་གྱི་ཁག་དབྱེ་དང་སྒྲིག་ཆས་བཀོད་སྒྲིག་པར་རིས།