རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་པ།
རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ལས་འགན་དང་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་མགྱོགས་པོས་བསྐྲུན་པ་དང་། ཆུ་བེད་དང་།ནུས་ཁུངས། གཞི་རྩའི་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ།
འགྲིམ་འགྲུལ་སྒྲིག་ཆས་འཛུགས་སྐྲུན་འཕེལ་རྒྱས་ཆེན་པོ་གཏོང་བ།
རང་སྐྱོང་ལྗོངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིང་བའི་གཞུང་ལམ་དྲ་བའི་སྒྲོམ་གཞི་གལ་ཆེན་ཧུར་ཐག་གིས་བསྐྲུན་པ་དང་། ནང་ལོགས་ཀྱི་སི་ཁྲོན་དང་ཡུན་ནན། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་སྦྲེལ་ཡོད་པ་དང་། ཕྱི་ཕྱོགས་ནས་བལ་པོའི་བོད་ལྗོངས་སུ་འགྲོ་འོང་བྱེད་སའི་བགྲོད་ལམ་ཆེན་མོ་དང་སྦྲེལ་ཡོད། བོད་ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་ལ་སྤྱི་ལེ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་སུམ་བརྒྱ་ཡོད་པ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་ལ་སྤྱི་ལེ་བཞི་བརྒྱ་དྲུག་ཅུ་རེ་བདུན་ཚེག་དགུ་བརྒྱད་ཟིན་ཞིང་། གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་ཁྲི་བདུན་དང་སྟོང་གསུམ་བརྒྱད་བརྒྱ་ཡོད།
རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་བརྡ་སྟོན་པར་རིས།
ཁྲོན་བོད་གཞུང་ལམ་གསུམ་གཅིག་བརྒྱད་ཀྱི་གནད་འགག་ལས་གཞི་སྟེ་ཐང་མེད་ཟམ་ཆེན། |
བསྐྱར་སྐྲུན་བྱས་རྗེས་ཀྱི་རྒྱལ་ལམ་གཉིས་གཅིག་དགུའི་ལམ་ཐིག་གི་མེ་ཏོག་ནས་བྲག་གཡབ་བར་གྱི་ལམ་དུམ། |
བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་གི་དེང་རབས་ཅན་གྱི་ལངས་གཟུགས་ཟམ་ཆེན་ཐོག་མ་སྟེ་ལྷ་སའི་སྣེའུ་ཟམ་ཆེན། |
གོང་དཀར་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ། |
ཉི༢༠༡༢་ལོ་ནས་༢༠༢༢་ལོ་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་ལྕགས་ལམ་གྱི་ལམ་ཚད་དང་གཞུང་ལམ་གྱི་ལམ་ཚད། གནམ་གྲུ་ཐང་གི་ཁ་གྲངས། གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར། འཁྱེར་འཕྲིན་ཁ་པར་ས་ཚིགས་བཅས་ཀྱི་གཤིབ་བསྡུར་པར་རིས། |
༢༠༡༧་ལོ་ནས་༢༠༢༣་ལོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་འགྱུར་ལྡོག་པར་རིས། |
༢༠༢༣་གསུམ་ལོའི་ལོ་མཇུག་བར་དུ། བོད་ལྗོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ཀྱི་ལམ་ཚད་སྤྱི་ལེ་༡༣༥༩ལ་ཟིན་ཞིང་། ༢༠༡༢་ལོ་ལས་ལྡབ་གཅིག་ཙམ་འཕར། ལྷ་ས་དང་ལྷོ་ཁ།ནག་ཆུ།གཞིས་ཀ་རྩེ།ཉིང་ཁྲི་བཅས་སུ་ལྕགས་ལམ་ཤར་གཏོང་ཐུབ་ཡོད། ༢༠༠༦་ལོའི་ཟླ་བདུན་པར་མཚོ་བོད་ལྕགས་ལམ་ལས་གོར་མོ་ནས་ལྷ་སའི་བར་གྱི་ལམ་དུམ་ལས་ཚར་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས་མིའི་རིགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད། ༢༠༡༤་ལོའི་ཟླ་བརྒྱད་པར་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ལྗོངས་ལྷོ་ནུབ་ས་ཁུལ་གྱི་གཞུང་ལམ་སྐྱེལ་འདྲེན་ཁོ་ནར་བརྟེན་པའི་རྣམ་པ་བསྒྱུར་ཡོད། ༢༠༢༡་ལོའི་ཟླ་དྲུག་པར་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་ལོ་ཕྱེད་སྔོན་ལ་འཛུགས་སྐྲུན་བྱས་ཚར་ནས་མེ་འཁོར་ཤར་གཏོང་ཐུབ་པས། བོད་ལྗོངས་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བར་མ་ཟད། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བོད་ལྗོངས་སུ་གཏོང་བ་རེད། ༢༠༢༠་ལོའི་ཟླ་བཅུ་གཅིག་པར་ཁྲོན་བོད་ལྕགས་ལམ་ལས་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་དུས་རབས་རང་བཞིན་གྱི་འཐབ་ཇུས་ཨར་ལས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།
༢༠༠༦་ལོའི་ཟླ་བདུན་པར། མཚོ་བོད་ལྕགས་ལམ་ལས་གོར་མོ་ནས་ལྷ་སའི་བར་གྱི་ལམ་དུམ་ཐོག་མེ་འཁོར་ཤར་གཏོང་ཐུབ། |
༢༠༡༤་ལོའི་ཟླ་བརྒྱད་པར། ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ། |
༢༠༢༡་ལོའི་ཟླ་དྲུག་པར། བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ་སི་ཁྲོན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་ལས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་ཤར་གཏོང་ཐུབ། |
བསྐྱར་དར་རྟགས་ཅན་གྱི་མཐོ་སྒང་གི་ཁུངས་གཉིས་སྒུལ་ཤུགས་གཅིག་བསྡུས་སྒུལ་འཁོར་ཚན་པ་ཟངས་རིའི་ཡར་ཀླུང་གཙང་པོའི་ཟམ་ཆེན་ཐོག་བསྐྱོད། |
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱི་མཁའ་འགྲུལ་འཛུགས་སྐྲུན་ལས་ཀ་ཇེ་མགྱོགས་གཏོང་བ་དང་། ལྷ་སའི་གོང་དཀར་གནམ་ཐང་ལམ་ཐིག་གཙོ་བོར་བྱས་པའི་སྤང་མདའ་དང་སྨན་གླིང་། དགུན་ས། གཞིས་ཀ་རྩེ། ལྷུན་རྩེ། དིང་རི། སྤུ་ཧྲེང་བཅས་ཀྱི་ཡན་ལག་གནམ་ཐང་གི་གཅིག་སྣོན་བདུན་གྱི་སྐྱེལ་འདྲེན་གནམ་ཐང་གི་སྒྲིག་གཞི་སྤྱིའི་ཆ་ནས་གྲུབ་ཡོད། མིག་སྔའི་བར་དུ་མཁའ་ལམ་ལམ་ཐིག་བརྒྱ་དང་དོན་བཞི་ཕྱེ་ཡོད་ལ། གྲོང་ཁྱེར་དོན་བཞིར་སྐྱོད་ཐུབ། ཉིས་སྟོང་བཅུ་གཅིག་ལོ་དང་བསྡུར་ན་ལམ་ཐིག་བརྒྱ་དང་སོ་བདུན་ཇེ་མང་བཏང་ཞིང་། ཤར་གཏོང་ཐུབ་པའི་གྲོང་ཁྱེར་རེ་བདུན་ཇེ་མང་བཏང་ཡོད།
བསྐྱར་སྐྲུན་བྱས་རྗེས་ཀྱི་ལྷ་སའི་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་གསར་པ།
དམངས་སྤྱོད་མཁའ་འགྲུལ་གཅིག་སྣོན་བདུན་གྱི་སྐྱེལ་འདྲེན་གནམ་ཐང་གི་སྒྲིག་བཀོད་པར་རིས། |
དམངས་སྤྱོད་མཁའ་འགྲུལ་ཡར་འཕུར་མར་འབབ་ཀྱི་ཁ་གྲངས་པར་རིས། |
བསྐྱར་སྐྲུན་བྱས་རྗེས་ཀྱི་མངའ་རིས་སྤུ་ཧྲེང་གནམ་ཐང་གི་རྣམ་པ་གསར་པ། |
༢༠༢༢་ལོའི་ཟླ་༡༢་པར། གཞིས་ཀ་རྩེ་དིང་རི་གནམ་ཐང་དངོས་སུ་བེད་སྤྱོད་བྱས། |
༢༠༢༣་ལོའི་ཟླ་༡༢་པར། ལྷ་སའི་གོང་དཀར་གནམ་ཐང་གིས་འཕུར་ལམ་གཉིས་པ་འཛུགས་སྐྲུན་བྱས་ཚར་ནས་བེད་སྤྱོད་བྱས། |
ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ།
ཕུ་མདོ་དང་ལ་ལྷོ། ཤངས་ཆུ་སོགས་ཆུ་བེད་ལྟེ་གནས་ཀྱི་ལས་གཞི་གལ་ཆེན་བེད་སྤྱོད་བྱེད་འགོ་ཚུགས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ལོག་འགོག་རགས་སྣ་ཚོགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ།ཆུ་ལོག་འགོག་པ་དང་།ཆུ་འདྲེན་པ།ཆུ་མཁོ་འདོན།གློག་འདོན།སྐྱེ་ཁམས།ཡུལ་སྐོར་སོགས་ནུས་མང་ཞབས་ཞུའི་འགན་སྲུང་གིས་ཁེབས་པའི་ཆུ་བེད་བྱེད་ནུས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད།
སུའུ་ཝ་ལུང་ཆུ་གློག་ས་ཚིགས། |
ལ་ལྷོ་ལས་གཞིའི་ཞིང་ཆུ་འདྲེན་ཡུལ། |
ཕུ་མདོ་ཆུ་བེད་འགག་རྩའི་ལས་གཞི། |
མན་ལཱ་ཆུ་མཛོད། |
ཤངས་ཆུའི་ཆུ་མཛོད། |