headerbg
 
zhongyangguanxinbottom-->

གཙོ་འཛིན་གྱི་ཐུགས་ཁུར།

དུས་ཡུན་རིང་པོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ལ་ཐུགས་ཁུར་དང་བོད་ལྗོངས་ལ་བརྩེ་བ་བཅངས་ནས། སྐུ་དངོས་ཀྱིས་བོད་ལྗོངས་ལས་དོན་འཆར་འགོད་བཀོད་སྒྲིག་གནང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཐེངས་མང་པོར་བོད་ལྗོངས་ཀྱི་ལས་དོན་ཐད་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་མཛད་ཡོད།

༡༩༩༨ལོར་སྐབས་དེར་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པའི་ཞི་ཅིན་ཕིང་བོད་ལྗོངས་ལ་རྟོག་ཞིབ་དང་ཞིབ་འཇུག་གནང་བར་ཕེབས་པ་དང་། བོད་སྐྱོར་ལས་བྱེད་པ་ཁག་གཉིས་པ་བོད་ལྗོངས་ལ་བསྐྱལ་ཞིང་། དུས་མཚུངས་སུ་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཚུར་ལ་བསུས་པ།

༢༠༡༡ ལོར་སྐབས་དེར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས་པའི་ཞི་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་།བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་བཞུགས་མོལ་ཚོགས་འདུར་ཞུགས།



༢༠༡༡ལོའི་ཟླ༧ཚེས༡༩ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། སྐབས་དེར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ།ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གནང་བ།


༢༠༢༡ལོའི་ཟླ༧པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་ལ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་། ཞི་ཅིན་ཕིང་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཆ་ནས་བོད་ལྗོངས་ལ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་གཏོང་བར་རྟེན་འབྲེལ་ཞུས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་པོ་ཡིན་པས། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་།བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་བ་ལེགས་པར་མཚོན་པ་རེད།



༢༠༢༡ལོའི་ཟླ༧པའི་ཚེས༢༢ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་ནང་བཞུགས་ཏེ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་།




བོད་སྐྱོར་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ཞིག་ཀྱང་ཡིན། མཁའ་དབུགས་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། སྙིང་སྟོབས་འདི་ནི་གསར་བརྗེའི་ཕུགས་འདུན་གནམ་ལས་མཐོ་ཞེས་པ་དེ་ཡིན།ཁྱེད་ཚོ་མཐོ་སྒང་ན་ཡོད་ཀྱང་ཁྱེད་ཚོའི་སྙིང་སྟོབས་མཐོ་སྒང་ལས་ཀྱང་མཐོ་བ་ཡིན། དོན་དག་འདི་ངེས་པར་དུ་རིམ་པ་བཞིན་མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་བསྒྲུབ་དགོས། ཕྱོགས་གཅིག་ནས་བོད་ལྗོངས་ལ་རོགས་སྐྱོར་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པ་དང་། ཕྱོགས་གཅིག་ནས་ལས་བྱེད་པར་སྦྱོང་བརྡར་ཐེབས་ཤིང་། དཔུང་ཁག་འཚར་ལོངས་བྱུང་བ་རེད།


—ཞི་ཅིན་ཕིང་གིས།