headerbg
 
zhongyangguanxinbottom
title

ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ལྗོངས་ཀྱི་ལས་ཀར་མཐོང་ཆེན་ཚད་མཐོན་པོ་མཛད་ཅིང་། བོད་ལྗོངས་མི་དམངས་ལ་སྙིང་ཉེ་བའི་ཐུགས་ཁུར་གནང་བར་མ་ཟད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས། རྒྱུན་ཆད་མེད་པར་བོད་ལྗོངས་ཀྱི་ལས་ཀར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བོད་ལྗོངས་ཀྱི་ལས་ཀའི་ཁ་ཕྱོགས་དམ་འཛིན་དང་འཆར་འགོད་གང་ལེགས་གནང་བར་མ་ཟད། སྔ་རྗེས་སུ་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། བོད་ལྗོངས་ཀྱི་ལས་ཀའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་བས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་བྱེད་ཕྱོགས་གྲུབ་པར་མ་ཟད། བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་མཛུབ་སྟོན་གནང་སྟེ་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

འབྲེལ་ཡོད་ཏང་ཀྲུང་དབྱང་གི་ལས་ཁུངས་༼སྡེ་ཁག༽དང་ཞིང་ཆེན༼གྲོང་ཁྱེར༽གྱིས་དུས་ནམ་ཡང་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ལྡོག་ཏུ་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། སྤྱིའི་འཆར་འགོད་དང་ལས་ཀའི་བཀོད་སྒྲིག་ནང་བཞག་སྟེ། བོད་ལྗོངས་ཀྱི་དོན་དངོས་དང་རང་སྟེང་གི་དགེ་མཚན་གཉིས་ཟུང་འབྲེལ་གང་ལེགས་བྱས་ཤིང་། ཁྱོན་ཡོངས་དང་ཁྱབ་ཁོངས་ཆེན་པོ། རིམ་པ་མང་པོ་བཅས་ལ་བརྟེན་ནས་བོད་སྐྱོར་ལས་དོན་སྤེལ་བས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་བྱས་རྗེས་བླ་མེད་བཞག་ཡོད།

ཏང་ཀྲུང་དབྱང་གི་དབུ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུའི་བཀོད་སྒྲིག་ལྟར། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྲ་བརྟན་དང་འཕེལ་རྒྱས་བཅས་ཀྱི་དོན་ཆེན་བཞི་ལ་དམིགས་ནས། སྙིང་སྟོབས་ཆེར་བསྐྱེད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ། བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་རེད།