headerbg
 
zhongyangguanxinbottom

སྐྱེ་ཁམས་ལ་དམིགས་ནས་

རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་བྱས།



སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པ་ཡིན་པས། མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གསུང་གནང་།རང་སྐྱོང་ལྗོངས་ཏང་ཨུས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ།རི་ཆུ་གཙང་མ་ནི་གསེར་རི་དངུལ་རི་ལྟ་བུ་དང་གངས་འཁྱགས་ཡང་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ། བྱེ་ཐང་། རྩྭ་ཐང་། གངས་འཁྱགས་བཅས་ཕུང་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་འབྱུང་བར་སྐུལ་སྤེལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་སྐྲུན་གང་ཐུབ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་བརྩོན་བྱས།