headerbg
 
zhongyangguanxinbottom

སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་བ་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ།བདེ་འཇགས་བོད་ལྗོངས་འཛུགས་སྐྱོང་ལ་དམིགས་པ།ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ།སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་བཅས་བྱས་ནས། བོད་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་རྒྱུན་མཐུད་ངང་ཡར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད་མུ་མཐུད་དེ་བརྒྱ་ཆའི་གོ་དགུ་ཡན་རྒྱུན་འཁྱོངས་ཐུབ་ཡོད།

ཕུང་གཅིག་ཅན་གྱི་སྣ་མང་རྩོད་གཞི་ཐག་གཅོད་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྣ་མང་དགོས་མཁོ་སྐོང་བ།



རང་སྐྱོང་ལྗོངས་ཡོངས་ཀྱི་ཕུང་གཅིག་ཅན་གྱི་སྣ་མང་རྩོད་གཞི་ཐག་གཅོད་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུ།




གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་ཁང་གིས་མི་རིགས་སོ་སོའི་མི་སེར་ལ་ཕུང་གཅིག་ཅན་དང་སྟབས་བདེ་ཅན་གྱི་གཏུག་བཤེར་ཞབས་ཞུ་མཁོ་འདོན་བྱེད་པ།



གཏུག་བཤེར་ཞབས་ཞུ་འབྲེལ་དྲས་ལྗོངས་ཡོངས་ཀྱི་རིམ་པ་གསུམ་པའི་ཁྲིམས་ཁང་དང་མི་དམངས་ཁྲིམས་ཁང་ཁག་ཅིག་ལ་དྲ་ཐོག་ནས་གྱོད་དོན་ཐོ་འགོད་དང་། དྲ་ཐོག་ཏུ་འདྲི་ཞིབ། དྲ་ཐོག་ནས་ཁྲིམས་ར་འཚོགས་པ། ཁྱབ་ཁོངས་ལས་བརྒལ་བའི་གྱོད་དོན་ཐོ་འགོད་སོགས་ཀྱི་ནུས་པ་ལྡན།



ལས་རེས་ཁྲིམས་རྩོད་པ་གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ་བཅའ་སྡོད་བྱས་ནས་འགལ་བ་དང་རྩོད་གཞི་ཐབས་ལམ་མང་པོས་བསལ་བ།



དྲ་ཐོག་ནས་འདུམ་གཅོད་བྱས་ཏེ་དོ་བདག་གིས་རང་ཁྱིམ་ནས་གཏུག་བཤེར་ཐུབ་པར་བྱས་ཡོད།


ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་བོད་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས། བརྟན་བརླིང་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་ལྡན་དང་གཞི་རིམ་དུ་སྒྲུབ་ཐུབ་པར་བྱས་ལ། བདེ་འཇགས་བོད་ལྗོངས་འཛུགས་སྐྱོང་ལ་དམིགས་ནས། བཅོས་སྐྱོང་ཞིབ་ཚགས་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་།འགོ་ཁུངས་ནས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པར་བདེ་ཐང་བོད་ལྗོངས་འཛུགས་སྐྱོང་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།



རྒྱལ་ཡོངས་ཀྱི་རྒྱ་བོད་སྐད་གཉིས་ཁྲིམས་དཔོན་གྱི་བོད་ལྗོངས་ཀྱི་གསོ་སྦྱོང་རྟེན་གཞི་བེད་སྤྱོད་བྱེད་ལ་ཉེ་བ།



ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པར་བོད་ལྗོངས་དང་ལེའོ་ཉིང་ས་གནས་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་མཉམ་ལས་འོག ཞིབ་དཔྱོད་དཔོན་པོས་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་གསུམ་དང་སྟོང་གཉིས་དུས་ཐོག་ཏུ་རོགས་སྐྱོར་རེ་འདུན་ཞུ་མཁན་གྱི་ལག་ཏུ་སྤྲད་ནས།ལེ་དབར་སྟོང་ཕྲག་ལས་བརྒལ་བའི་བརྩེ་སེམས་བརྒྱུད་སྤྲོད་ལེགས་གྲུབ་བྱུང་བ་རེད།




ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པར་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱིས་གཙོ་སྐྱོང་གནང་བའི་གྱོད་དོན་ཐོ་འགོད་ལྟ་སྐུལ་རེ་ཞུའི་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་ཐེངས་དང་པོ་འཚོགས་པ།



ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པར།ལྷ་ས་གྲོང་ཁྱེར་གྱི་ལོ་ནར་མ་སོན་པར་གནོད་འཚེ་ཕོག་མཁན་ལ་ཕུང་གཅིག་ཅན་གྱི་འདྲི་རྩད་རོགས་སྐྱོབ་ལྟེ་གནས་དང་། དྲོ་སྐྱིད་ན་སོན་པའི་མིའི་ཞིབ་དཔྱོད་ལས་ཤག་ལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། ལོ་ནར་མ་སོན་པའི་གནོད་འཚེ་ཕོག་མཁན་ལ་ཁྲིམས་འཛིན་གྱི་སྲུང་སྐྱོང་དང་སྤྱི་ཚོགས་ཕྱོགས་བསྡུས་སྲུང་སྐྱོང་གི་ཐབས་ལམ་གསར་པ་གཏོད་པ།



ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པར་བོད་ལྗོངས་དང་སི་ཁྲོན།ཡུན་ནན།མཚོ་སྔོན།ཀན་སུའུ།ཞིན་ཅང་བཅས་ཞིང་ཆེན་དང་(རང་སྐྱོང་ལྗོངས་)དྲུག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཞིབ་དཔྱོད་ཁང་གིས་ལྷ་ས་རུ་མཚོ་བོད་མཐོ་སྒང་དང་དེའི་ཉེ་འཁོར་ས་ཁོངས་ཀྱི་སྐྱེ་ཁམས་ཞིབ་དཔྱོད་ཁྲིམས་འཛིན་སྲུང་སྐྱོང་གི་ས་ཁོངས་བརྒལ་བའི་རོགས་རེས་མཉམ་ལས་ནང་རྐྱེན་འཛུགས་པའི་སྐོར་གྱི་བསམ་འཆར་ལ་མིང་རྟགས་བཀོད།




ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བོད་ལྗོངས་སུ་ཁྲིམས་རྩོད་པ་མེད་པའི་རྫོང་མེད་ཅེས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཡན་ལག་ཁང་ལ་ལག་ཁྱེར་སྤྲོད་པའི་མཛད་སྒོ་སྤེལ་ནས། ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་རྫོང་ཁོངས་སུ་ཡན་ལག་ཁང་བཙུགས་པའི་ཁྲིམས་དོན་ཁང་སུམ་ཅུ་ལ་གཅིག་བསྡུས་སྒོས་ཁྲིམས་དོན་ཁང་གི་ལས་གཉེར་ཆོག་འཐུས་དཔང་ཡིག་སྤྲད་པ་རེད།


ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གི་ལས་རེས་ཁྲིམས་རྩོད་པའི་ལས་དོན་ཁང་ལ་སྒོ་བྱང་བཀལ་ནས་བེད་སྤྱོད་བྱས་ཤིང་། ཉེས་པ་ཁས་ལེན་དང་ཆད་པ་ཁས་ལེན་ལ་གུ་ཡངས་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་།



ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པར།རང་སྐྱོང་ལྗོངས་ཀྱིས་སྲིད་འཛིན་ཁྲིམས་བསྟར་མི་སྣར་གཅིག་གྱུར་གྱིས་འཕྲུལ་ཆའི་རྒྱུགས་ཐོག་མར་བླངས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་དུ་གཏོང་བའི་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས།



ཉིས་སྟོང་བཅུ་དགུ་ལོར། རང་སྐྱོང་ལྗོངས་ཀྱི་༡༢༣༤༨གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་ཤར་གཏོང་ཐུབ།



རང་སྐྱོང་ལྗོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། འདིར་ཡོང་བའི་མང་ཚོགས་ལ་རིན་མེད་ངང་བཅའ་ཁྲིམས་རོགས་སྐྱོར་དང་གཞུང་དཔང་།མི་དམངས་ཀྱི་འདུམ་འགྲིག་སོགས་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པར་མ་ཟད།ཞིང་པ་གླ་པ་དང་།དམག་མི། དམག་མིའི་ཁྱིམ་མི།དཀའ་ཁག་ཡོད་པའི་མང་ཚོགས་བཅས་ལ་ཐོགས་མེད་བགྲོད་ལམ་བཀོད་སྒྲིག་བྱས་ཡོད།



མཚོ་བོད་ལྕགས་ལམ་དང་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཉེན་མེད་ཡོང་བར་ཁག་ཐེག་བྱས་ནས། ལམ་སྲུང་རུ་ཁག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཇེ་ལེགས་སུ་གཏོང་བ།



ལམ་སྲུང་རུ་ཁག་གི་རུ་མི་ཚོས་དམག་དོན་སྦྱོང་བརྡར་བྱེད་བཞིན་པ།




ལམ་སྲུང་རུ་ཁག་གི་རུ་མིས་སྐོར་བཤེར་བྱེད་བཞིན་པ།




༢༠༡༦་ལོར་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དཀར་ཆུ་ལམ་སྲུང་རུ་ཆེན་དེ་རྒྱལ་ཡོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་བདམས།


ཉི༢༠༢༡ལོར། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྫོང་སར་ལམ་སྲུང་རུ་ཆེན་ལ་ཀྲུང་ཧྭའི་རྒྱལ་ཡོངས་བཟོ་ཚོགས་ཀྱིས་བཟོ་པའི་གདོང་ལེན་རུ་ཁག་ཅེས་པའི་མཚན་རྟགས་གནང་།


ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས།མང་ཚོགས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་།དོན་དག་ལ་འཕྲད་སྐབས་ཁྲིམས་ལ་བརྟེན་པ།གནད་དོན་ཐག་གཅོད་བྱེད་པར་ཁྲིམས་ལ་བརྟེན་པ་བཅས་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།



རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་ལས་ཁུངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དུ་རྩ་ཁྲིམས་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་རྩ་ཁྲིམས་ཀྱི་ཤེས་བྱ་སྒྲོག་འགྲེལ་དང་དྲིལ་བསྒྲགས་ཡིག་ཆ་སྤྲད་པ།



རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་བདེ་འཇགས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་ནས། མང་ཚོགས་ལ་བདེ་འཇགས་དྲིལ་བསྒྲགས་ལག་དེབ་སོགས་སྤྲད་པ་དང་མང་ཚོགས་ཀྱིས་བོད་ལྗོངས་སྲིད་ཁྲིམས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས།


རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཏང་ཀྲི་པུའུ་འདུས་ཁུལ་དུ་བསྐྱོད་དེ་མང་ཚོགས་ལ་༼སྒྲིག་འཛུགས་ཉེས་བསག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས༽སྒྲོག་འགྲེལ་བྱས།


སྐོར་སྐྱོད་རླངས་འཁོར་ཁྲིམས་རར་བརྟེན་ནས་སྐོར་སྐྱོད་འདྲི་གཅོད་དང་།ཁྲིམས་སྐྱོང་དྲིལ་བསྒྲགས།སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས།


སྲིད་ཁྲིམས་དཔུང་ཁག་གིས་སློབ་གསོ་དག་ཐེར་བྱེད་སྐབས་སུ། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ངས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པའི་བྱེད་སྒོ་



གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཉིས་སྟོང་ཉེར་གསུམ་ལོའི་ཁྲིམས་སྐྱོང་རིག་རྩལ་མཐའ་མཚམས་སུ་སྤེལ་ཞེས་པའི་བྱེད་སྒོ་སྤེལ།


རང་སྐྱོང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཨང་ཀི་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་ཁྲིམས་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་སྔར་བས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གཞི་དང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་ལས་འགན་གཙོ་བོ་ཡིན་པའི་ཆ་ནས། དེང་རབས་ཀྱི་ཚན་རིག་ལག་རྩལ་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།ཁྲིམས་བསྟར་གྱོད་གཞི་ཐག་གཅོད་ཀྱི་ལས་ཕྱོད་མཐོ་རུ་གཏོང་བ།ཁྲིམས་བསྟར་ཁྲིམས་འཛིན་གྱི་ཐོན་ཁུངས་གྲོན་ཆུང་བཅས་བྱས་ནས། བོད་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པའི་ཆུ་ཚད་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་རེད།