ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དེ་ནི་དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་གྱི་ནང་དོན་གཙོ་བོ་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་ནང་དོན་གཙོ་བོར་བཟུང་ནས། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པ་དང་། མི་རིགས་ལས་དོན་སྤུས་མཐོའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས། མི་རིགས་ཁག་སེ་འབྲུའི་ནང་སྙིང་ལྟར་དམ་དུ་སྦྲེལ་ཞིང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་བར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་བརྟན་དུ་འགྲོ་བཞིན་ཡོད།
བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཞིབ་འཇུག་གླིང་དེ་ནི་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་པར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།ཀྲུང་དབྱང་དྲིལ་བསྒྲགས་པུའུ།སློབ་གསོ་པུའུ།རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་རྟེན་གཞིའི་ནང་བདམས་ཐོན་བྱུང་ཞིང་། དེ་ནི་བོད་ལྗོངས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིགས་ཀྱི་རྒྱལ་ཁབ་རིམ་པའི་སྟེགས་བུ་ཐོག་མ་དེ་ཡིན་ལ།བོད་རང་སྐྱོང་ལྗོངས་ཀྱི་རིག་མཛོད་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། ཉིས་སྟོང་ཉེར་གསུམ་ལོར་༼བོད་ལྗོངས་ཀྱི་གེ་སར་སྒྲུང་པ་རྒྱུན་འཛིན་དང་སྲུང་སྐྱོང་ཞིབ་འཇུག༽ཅེས་པ་དང་། ༼ཀྲུང་གོའི་གནའ་རབས་ཀྱི་གཅིག་གྱུར་ཆེན་པོའི་བསམ་བློ་དང་བོད་མི་རིགས་ཀྱིས་རྒྱལ་ཁབ་ངོས་འཛིན་ཞིབ་འཇུག༽ཅེས་པ་སོགས་རིག་གཞུང་བརྩམས་ཆོས་ཁག་དགུ་དཔར་སྐྲུན་བྱས་ཡོད།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་རྟེན་གཞི།
བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་གླེང་སྟེགས་སྐབས་དང་པོ། |
རང་སྐྱོང་ལྗོངས་ཀྱི་ན་གཞོན་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར། |
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་ནས་
མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འབད་བརྩོན་བྱེད་པ།
རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་རྒྱལ་ཁའི་ངང་ནས་འཚོགས།
རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་མགོ་ཚུགས་མཛད་སྒོ་དང་དཔེ་སྟོན་རྫོང་དང་ས་ཁུལ། གྲོང་ཁྱེར་བཅས་ལ་བྱ་དགའ་སྤྲད་པའི་མཛད་སྒོ། |
བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་མི་རིགས་ལས་དོན་གྲོས་ཚོགས། |
རང་སྐྱོང་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་བདུན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་གནས་དང་གྲོང་ཁྱེར་དུ་འཛུགས་སྐྲུན་བྱས།
ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར་ཞེས་པའི་མིང་བཏགས། |
ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་གཞིས་རྩེ་གྲོང་ཁྱེར་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཞེས་པའི་མིང་བཏགས། |
ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ཆབ་མདོ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གཉིས་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་༼ས་ཁུལ༽ཞེས་པའི་མིང་བཏགས། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཉིང་ཁྲི་དང་ལྷ་ས་གྲོང་ཁྱེར་གཉིས་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཞེས་པའི་མིང་བཏགས། |
ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ལྷོ་ཁ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གཉིས་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཞེས་པའི་མིང་བཏགས། |
མཐོ་སྒང་གི་སེ་འབྲུ་དམར་པོ་ཞེས་པའི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པས་ཀྲེ་ཅང་དུ་བྱེད་སྒོ་སྤེལ་བ། |
བརྩེ་བ་ས་སྐྱར་ཕྱོགས་པ་སྟེ། བོད་ཀྱི་གཞོན་ནུ་ལོ་ཆུང་ཧྲང་ཧེར་སྐྱོད་ཅེས་པའི་བྱེད་སྒོའི་ཡུལ་དངོས། |
བོད་རིགས་དང་རྒྱ་རིགས། ཧེ་རིགས། སོག་རིགས་བཅས་མི་རིགས་སོ་སོའི་མི་སེར་གྱིས་མཉམ་དུ་བོད་ཀྱི་ལོ་སར་གཏོང་བཞིན་པ། |
གཞིས་ཀ་རྩེ་གྲོང་ཁྱེར་གྱི་སློབ་ཆུང་གི་སློབ་མ་རྣམས་ཅི་ལིན་དུ་སོང་ནས་དགུན་ཁའི་ཚན་སློབ་བྱེད་སྒོ་སྤེལ་བ། |
རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཟའ་འཁོར་གྱི་བྱེད་སྒོ་དང་།ཀྲུང་ཧྭའི་གསུང་རབ་གྱེར་འབྲིའི་འགྲན་བསྡུར།ཞིང་འབྲོག་མི་སེར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྐད་འགྲན་བསྡུར་སྤེལ་བ་གཙོ་བོར་བཟུང་སྟེ། ཁྱོན་ཡོངས་ནས་༼རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས༽ ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་རྒྱལ་ཡོངས་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱི་ཚོགས་ཐོགཁྱབ་གདལ་གཏོང་བར་ཤུགས་བརྒྱབ་ཡོད།
རང་སྐྱོང་ལྗོངས་ཞིང་འབྲོག་མི་སེར་གྱི་རྒྱལ་ཁབ་ཀྱི་སྤྱི་སྐད་གཏམ་བཤད་འགྲན་བསྡུར་སྐབས་དང་པོ།
ཉིས་སྟོང་ཉེར་གསུམ་ལོར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་སྤྱི་སྐད་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྐབས་ཉེར་དྲུག་པ་སྤེལ་བའི་ཡུལ་དངོས། |
༼རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་ཚིག་མཛོད་རྒྱ་བོད་ཤན་སྦྱར་ཅན༽སྤྲད་པའི་མཛད་སྒོ། |