headerbg
 
zhongyangguanxinbottom-->

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་ཏན་ཏིག་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་།བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན།དུས་རབས་གསར་པར་ཏང་གི་བོད་སྐྱོང་ཐབས་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཡང་དག་ཁོང་དུ་ཆུད་པར་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པོ་ཡོང་བར་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ།དགོན་སྡེའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དང་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ།ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལམ་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།


དགོན་སྡེའི་གྲྭ་བཙུན་རྣམས་སེམས་གཏིང་ནས་མེས་རྒྱལ་ལ་དགའ་བ།



ཆབ་མདོ་གྲོང་ཁྱེར་གྱི་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ།




ཕྱིར་མིག་ལུང་དགོན་པའི་དོ་དམ་ཨུ་ལྷན་གྱིས་བོད་ལྗོངས་ཀྱི་ཞིང་བྲན་ས་ཡ་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོར་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྒྲིག་འཛུགས་བྱེད་པ།


ཆོས་ལུགས་ལས་དོན་མི་སྣས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ།


དགོན་སྡེའི་སྤྱི་པའི་ཞབས་ཞུར་འགན་སྲུང་ནུས་ལྡན་བྱེད་པ།



སྨན་བཅོས་མི་སྣས་གྲྭ་བཙུན་གྱི་ལུས་ཕུང་ཞིབ་བཤེར་བྱེད་བཞིན་པ།




ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་འདུས་ཁུལ་གནས་ནང་དགོན་པའི་འགྲེམ་ཁང་བཞིར་སྒོ་བྱང་བཀལ་བ།


གྲྭ་བཙུན་གྱིས་དྲོད་ཁང་གསར་པའི་ནང་དུ་སྔོ་ཚལ་འདེབས་བཞིན་པ།


དགོན་པའི་ཆུ་འདོན་ལས་གཞི།



ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དོམ་བྱེད་པའི་ལས་དོན་བརྟན་པོའི་ངང་སྤེལ་བ།



སེ་ར་དགོན་པར་བཞི་པའི་བཅོ་ལྔ་ཉིན་གྱི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།



བསམ་ཡས་དགོན་པའི་གྲྭ་བཙུན་རྣམས་ཀྱིས་ཁྲིམས་ལུགས་ཤེས་བྱར་སློབ་སྦྱོང་བྱེད་བཞིན་པ།

༼བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་སྲོལ་ཡིག་གི་བྱེད་ཐབས་༽སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་དོན་འཁྱོལ་བཅས་བྱེད་པར་སྐུལ་སློང་དང་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་པ།



སྐབས་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐུ་ཚབ་དང་། རྒྱལ་དོན་ཨུ་ཡོན་གྱི་འགན་བཞེས་མཁན་ལུའོ་ཀན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི༼གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱས་པ་བརྒྱུད་རྒྱལ་མཚན་ནོར་བུ་མཆོག་པཎ་ཆེན་ཨེར་ཏེ་ཎི་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུ་རྒྱུར་དམིགས་བསལ་ཆོག་མཆན་གནང་བའི་སྐོར་གྱི་མཆན་བཀོད་བཀའ་ལན་༽སྒྲོག་འདོན་མཛད།



རྒྱལ་སྲིད་སྤྱི་ཁྱབ་ཁང་གི༼གསེར་བུམ་དཀྲུགས་ནས་ཡང་སྲིད་ངོས་འཛིན་བྱས་པ་བརྒྱུད་རྒྱལ་མཚན་ནོར་བུ་མཆོག་པཎ་ཆེན་ཨེར་ཏེ་ཎི་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུ་རྒྱུར་དམིགས་བསལ་ཆོག་མཆན་གནང་བའི་སྐོར་གྱི་མཆན་བཀོད་བཀའ་ལན།༽དཔར་མ།



སྐབས་དེར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཁབ་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་གཅིག་ལྕོག་བཞེས་མཁན་ལི་ཐེ་དབྱིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་པཎ་ཆེན་ཨེར་ཏེ་ཎི་སྐུ་ཕྲེང་བཅུ་གཅིག་པར་གསེར་ཡིག་དང་གསེར་གྱི་ཐམ་ག་གནང་།


བོད་བརྒྱུད་ནང་བསྟན་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ།



བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་བསླབ་གནས་གནང་བའི་དམ་བཅའ་འཇོག་པ་དང་དཔང་ཡིག་སྤྲད་པའི་མཛད་སྒོའི་ཡུལ་དངོས།


བོད་ལྗོངས་ནང་བསྟན་སློབ་གླིང་གི་བོད་ལྗོངས་ཀྱི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བཙུན་མ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་དཔྱད་རྩོམ་འབྲི་བའི་འཆད་ཁྲིད་སྤེལ་བ།


བོད་ལྗོངས་ནང་བསྟན་སློབ་གླིང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་དབུ་འཛུགས་མཛད་སྒོ།




ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་འཆད་འགྲེལ་སྤེལ་རེས་ཚོགས་འདུ་སྐབས་བརྒྱད་པ།