headerbg
 
zhongyangguanxinbottom

བརྟན་བརླིང་ལ་དམིགས་ནས།

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་བར་བྱ་དགོས་ཞེས་ནན་གྱིས་གསུངས། རང་སྐྱོང་ལྗོངས་ཏང་ཨུ་ཡིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ལྗོངས་ཀྱི་ལས་ཀའི་ཤུགས་འདོན་ས་དང་རྐང་ཚུགས་སར་བཟུང་ནས། ལས་ཀའི་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ།ཡུན་རིང་གི་ཐབས་ཇུས་འཆར་འགོད།རྩ་བ་བརྟན་པོ་ཡོང་བའི་བྱ་སྤྱོད་སྤེལ་བ་བཅས་བྱས་ནས།སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་ཡོང་བ་དང་མང་ཚོགས་ཀྱི་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་འགན་སྲུང་བྱས་ཡོད།