headerbg
 
zhongyangguanxinbottom

མཐའ་མཚམས་བརྟན་བརླིང་དང་འཕེལ་རྒྱས་ལ་དམིགས་ནས།

རྒྱལ་ཁབ་ཀྱི་མཐའ་མཚམས་སྲ་བརྟན་དང་དར་རྒྱས་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།



སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་རགས་དང་པོ་ཡིན་པ་དང་།རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་མདུན་ཕྱོགས་ཀྱི་གཡུལ་ས་ཡིན།རང་སྐྱོང་ལྗོངས་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་དང་བོད་ལྗོངས་བརྟན་བརླིང་གི་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས།ནུས་ཤུགས་ཡོད་རྒུས་མཐའ་མཚམས་སྲུང་བ་དང་བརྟན་བརླིང་། ཕྱུག་འགྱུར། དར་རྒྱས་བཅས་ཡོང་བའི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་མཐའ་མཚམས་སྲ་བརྟན་དང་དར་རྒྱས་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་འབད་བརྩོན་བྱས་ཏེ།མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།