མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ།
༢༠༡༧ལོར་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱས་ནས། མཚོ་བོད་མཐོ་སྒང་གི་སའི་གོ་ལའི་མ་ལག་གི་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་གྱི་འགག་རྩའི་ཚན་རིག་གནད་དོན་ལ་དམིགས་ཏེ། ཡ་གླིང་གི་ཆུ་མཛོད་ཀྱི་འགྱུར་ལྡོག་དང་ཤུགས་རྐྱེན།སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་དང་དེར་བསྟུན་པ།གནོད་འཚེའི་ཉེན་ཁ་དང་ཁ་གཏད་འཇལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། འདས་པའི་ལོ་ལྔ་བཅུའི་རིང་གི་ཁོར་ཡུག་འགྱུར་ལྡོག་གི་བརྒྱུད་རིམ་དང་ལམ་ལུགས། དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་བཅས་གཙོ་གནད་དུ་བཟུང་ནས་རྟོག་ཞིབ་དང་ཞིབ་འཇུག་བྱས་ཏེ། འཐབ་ཇུས་ཐོན་ཁུངས་ཀྱི་རྒྱང་རིང་དཔྱད་དཔོག་དང་འབག་མེད་འཕེལ་རྒྱས་ཐབས་ལམ་གྱི་ཚན་རིག་གི་ཇུས་གཞི་བཏོན་པ་དང་།གཞི་གཅིག་ཅན་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ། རྩྭ་ཐང་། བྱེ་ཐང་། གངས་འཁྱགས་བཅས་ཀྱི་སླར་གསོ་བཅོས་སྐྱོང་གི་སའི་གོ་ལའི་མ་ལག་གི་རྟོག་ཞིབ་སྟེགས་བུ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཡ་གླིང་གི་ཆུ་མཛོད་དང་སྐྱེ་ཁམས་སྲུང་ཡོལ་ཉེན་མེད་ལ་འགན་སྲུང་བྱེད་པའི་མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཚན་རིག་དང་མཐུན་པའི་ལས་གཞི་འཛུགས་སྐྱོང་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པ།
མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ཆུ་དང་སྐྱེ་ཁམས། མིའི་རིགས་ཀྱི་འགུལ་སྐྱོད་བཅས་ལ་དམིགས་ནས་མཚོན་བྱེད་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ལས་རིམ་བཅུ་སྤེལ་ཡོད།
01.མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཁྲིམས་འཛུགས་ཐད་ཚན་རིག་དང་མཐུན་པའི་གྲོས་འགོ་བཏོན་པ་དང་།མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། |
02.གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འོག་ཡ་གླིང་གི་ཆུ་མཛོ་དོ་སྙོམས་མིན་པའི་ཁྱད་ཆོས་དང་ཤུགས་རྐྱེན་གསལ་བཤད་བྱས་ནས། རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། |
03.གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འོག་མཐོ་སྒང་གི་ཐཱན་འདུས་ནུས་པ་དང་འགྱུར་ལྡོག་གི་ཁྱད་ཆོས་གསལ་སྟོན་བྱས་ཏེ།གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ཐཱན་གཉིས་དམིགས་ཚད་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་བ། |
04.མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་རྩད་གཅོད་བྱས་ནས།རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་མ་ལག་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་བ། |
05.སྣུམ་རླངས་དང་གཏེར་རྫས་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་མ་འོངས་ལ་དཔྱད་དཔོག་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། |
06.ཁྲོན་བོད་ལྕགས་ལམ་རྒྱུད་ཀྱི་གནོད་འཚེའི་ཉེན་ཁར་དཔྱད་དཔོག་བྱས་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་དང་སྐྱེལ་འདྲེན་སྲུང་སྐྱོང་བདེ་འཇགས་ལ་ཞབས་འདེགས་ཞུ་བ། |
07.མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་འཚོ་སྡོད་ཀྱི་བདེན་དཔང་གསར་པ་ཤེས་རྟོགས་ཐུབ་པ་དང་།ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། |
08.རྒྱལ་སྤྱིའི་རྩ་འཛུགས་དང་འཆར་འགོད་འཕེལ་རྒྱས་འཐབ་ཇུས་ནང་ཞུགས་ནས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱེད་པ། |
9.སའི་གོ་ལའི་མ་ལག་གི་བང་རིམ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་སྟེགས་བུ་བསྐྲུན་ནས།རི་ཆུ་ནགས་གསུམ་དང་ས་ཞིང་།མཚེའུ།རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ། |
10.ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་ལ་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་ནས་རང་རྒྱལ་གྱི་དེང་རབས་ཐིག་ལེན་རིས་འབྲིའི་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་མཚོན་ཡོད། |