headerbg
 
zhongyangguanxinbottom

ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་མངོན་གསལ་གྱིས་ཇེ་ལེགས་བཏང་།

ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་དང་རྒྱབ་རྟེན་ནུས་ལྡན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ།ཐོན་ལས་དང་པོ་མུ་མཐུད་ནས་ལེགས་སྒྱུར་དང་།ཐོན་ལས་གཉིས་པ་རྒྱ་སྐྱེད་པ།ཐོན་ལས་གསུམ་པ་མཐོར་འདེགས་བཅས་བྱས་ཏེ།མ་འོངས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་དེང་རབས་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་པ།


༢༠༡༣་ལོ་ནས་༢༠༢༣་ལོའི་བར་རང་སྐྱོང་ལྗོངས་ཀྱི་ཐོན་ལས་རིགས་གསུམ་པོ་འཕར་བའི་པར་རིས།




ནུས་ཁུངས་གཙང་མའི་ཐོན་ལས།


ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་དུ། རང་སྐྱོང་ལྗོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་གྱི་ཤོང་ཚད་ནི་སྟོང་ཝ་ས་ཡ་བདུན་དང་འབུམ་ལྔ་ཁྲི་བརྒྱད་དགུ་བརྒྱར་ཟིན་ཞིང་། ཉིས་སྟོང་བཅུ་གཉིས་ལོ་དང་བསྡུར་ན་ལྡབ་ལྔ་ཚེག་གཉིས་འཕར། ནུས་ཁུངས་གཙང་མའི་གློག་ཤུགས་སྒྲིག་སྦྱོར་བསྡུར་ཚད་ཀྱིས་བརྒྱ་ཆའི་གོ་ལྔ་ཚེག་གཉིས་ཟིན་ཡོད་ལ། རྒྱལ་ཡོངས་ཀྱི་ཨང་དང་པོ་རེད། ཉིས་སྟོང་བཅོ་ལྔ་ལོར་ཐེངས་དང་པོར་བོད་ལྗོངས་ཀྱི་གློག་ཕྱི་ལ་འདྲེན་པ་དང་། གློག་དཀོན་པ་ནས་ལྷག་མ་ཕྱིར་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ། བསྡོམས་པས་ཕྱི་ལ་གློག་སྐྱེལ་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར་ཉིས་བརྒྱ་ལས་བརྒལ་ཡོད།



༢༠༠༠ལོ་ནས་༢༠༢༣ལོའི་བར་གྱི་རང་སྐྱོང་ལྗོངས་ཀྱི་གློག་འདོན་བསྡོམས་རྩིས་པར་རིས།


༢༠༡༥ལོ་ནས་༢༠༢༣ལོའི་བར་གྱི་རང་སྐྱོང་ལྗོངས་ཀྱི་ལོ་རེར་ཕྱི་ཕྱོགས་སུ་གློག་འདྲེན་ཚད་ཀྱི་བསྡོམས་རྩིས་པར་རིས།



༢༠༡༡ལོའི་ཟླ་༡༢པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་སོ་དགུ་དང་བྱེ་བ་གཅིག་ས་ཡ་བརྒྱད་བཏང་བའི་མཚོ་བོད་དྲ་སྦྲེལ་ལས་གཞི་འཛུགས་སྐྲུན་བྱས་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པས། བོད་ཀྱི་གློག་དྲ་ཁེར་རྐྱང་དུ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ།


༢༠༡༤ལོའི་ཟླ་༡༡པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་རེ་དྲུག་དང་བྱེ་བ་གསུམ་བཏང་བའི་ཁྲོན་བོད་དྲ་སྦྲེལ་ལས་གཞི་བསྐྲུན་ནས་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། ཆབ་མདོའི་གློག་དྲའི་ཁེར་རྐྱང་དྲ་བ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་བསྒྲིལ།


༢༠༡༨ལོའི་ཟླ་༡༡པར་བོད་ལྗོངས་དང་ཀྲུང་གོའི་དྲ་སྦྲེལ་ལས་གཞི་ལས་ཚར་ནས་དྲ་སྦྲེལ་བྱས་པས། མཚོ་བོད་དྲ་སྦྲེལ་ལས་གཞི་དང་ཁྲོན་བོད་དྲ་སྦྲེལ་ལས་གཞི་ཕན་ཚུན་སྦྲེལ་ཐུབ་ཡོད།


༢༠༢༠ལོའི་ཟླ་༡༢པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་དོན་བཞི་བཏང་བའི་མངའ་རིས་དྲ་སྦྲེལ་ལས་གཞི་བསྐྲུན་ཚར་ནས་བེད་སྤྱོད་བྱས་ཤིང་། བོད་ལྗོངས་ཀྱི་གཅིག་གྱུར་གློག་དྲ་གྲུབ།



འབག་མེད་བཟོ་ལས།


བོད་ལྗོངས་སུ་བཟོ་ལས་མེད་པ་ནས་ཡོད་པ་དང་།ཆུང་བ་ནས་ཆེ་བའི་བར་དུ་ཡར་ཐོན་དང་རྒྱ་ཆེར། མགྱོགས་མྱུར་འཕེལ་རྒྱས།རིགས་སྒྱུར་རིམ་སྤར།སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་དུས་རིམ་བཞི་བརྒྱུད་ཡོད། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་བརྒྱ་ཆའི་བཅུ་ཚེག་བདུན་འཕར་བ་དང་།༢༠༢༡ལོ་དང་།༢༠༢༢ལོ།༢༠༢༣ལོ་བཅས་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ༢༠༢༣ལོར་བཟོ་ལས་ཀྱི་རིན་ཐང་འཕར་མས་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆའི་བཅུ་ལས་ཐོག་མར་བརྒལ་ཡོད།


བོད་ལྗོངས་ལ་ཡ་གླིང་གི་ཆུ་མཛོད་ཞེས་བསྔགས་པ་དང་། ལོ་རེར་ཆ་སྙོམས་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བཞི་སྟོང་སུམ་བརྒྱ་གོ་བཞིར་ཟིན་པ་དེས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆའི་བཅུ་དྲུག་ཚེག་ལྔ་བཟུང་ཡོད་ལ། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ཟིན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་རང་རྒྱལ་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་རེད། བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་ལ་རང་བྱུང་གི་རྒྱུན་ཚད་དང་ཚད་ཉུང་གཞི་རྒྱུ་མང་པོ་འདུས་ཡོད་པས་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་ཚྭ་མེད་ཆུའི་ཐོན་ཁུངས་ཡག་ཤོས་ཀྱི་གྲས་ཤིག་རེད། རང་སྐྱོང་ལྗོངས་ཡོངས་ལ་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་ང་དྲུག་ཡོད་པ་དང་། ཐོན་སྐྱེད་མ་ལག་དྲུག་ཅུ་ལྷག་ཙམ་ཡོད་པ་དང་ཇུས་འགོད་ཐོན་ནུས་ཉིས་སྟོང་བཅུ་གཉིས་ལོར་ཏུན་འབུམ་བདུན་ལ་ཟིན་མེད་པ་ནས་མིག་སྔའི་ཏུན་ས་ཡ་ལྔ་དང་འབུམ་བརྒྱད་ལྷག་ལ་འཕར་བས། ཐོན་སྐྱེད་བཟོ་རྩལ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།

རང་སྐྱོང་ལྗོངས་ཡོངས་ཀྱིས་ཟངས་དང་ཞ་ཉེ།ཏི་ཚ།ཚྭ་མཚོ་ལིས་དང་ཁིར་ལྕགས་སོགས་གཏེར་ཁའི་ཐོན་ཁུངས་གཙོ་བོར་བཟུང་ནས་སྔོག་འདོན་བྱས། ཟངས་གཏེར་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཟངས་ཀྱི་ཐོན་ཁུངས་བསྡོམས་འབོར་གྱི་བརྒྱ་ཆའི་ཞེ་གསུམ་ཟིན་པ་དང་། ཚྭ་མཚོ་ལིས་ཐོན་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ལིས་ཐོན་ཁུངས་བསྡོམས་འབོར་གྱི་བརྒྱ་ཆའི་ཞེ་བརྒྱད་ཙམ་ཟིན་པས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ༢༠༢༣ལོར་རང་སྐྱོང་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་གཏེར་ལས་སྔོག་འདོན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་བརྒྱ་དང་སོ་གསུམ་ལ་ཟིན་པ་དེས་གཞི་ཁྱོན་ཆན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི་བརྒྱ་ཆའི་ང་གཉིས་ཚེག་བཞི་གསུམ་ཟིན་པ་དང་། གཏེར་ལས་སྔོག་འདོན་ལས་རིགས་དེ་ནི་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། འབག་མེད་ཨར་ལས་རྒྱུ་ཆའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན། ཉིས་སྟོང་ཉེར་གསུམ་ལོར་རང་སྐྱོང་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆན་གྱི་ཨར་ལས་རྒྱུ་ཆའི་ཁེ་ལས་རེ་དགུ་ཡོད་པ་དང་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་གྱ་བཞི་དང་བྱེ་བ་དྲུག་ལ་ཟིན་ཞིང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་རེ་གཉིས་ཚེག་གཉིས་གཅིག་འཕར་བ་དང་། ཨར་འདམ་ཐོན་སྐྱེད་བྱས་ཚད་ཏུན་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དགུ་ཁྲི་བརྒྱད་སྟོང་བཞི་སུམ་བརྒྱར་ཟིན་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།



རང་སྐྱོང་ལྗོངས་ཀྱི་དུས་རིམ་སོ་སོའི་བཟོ་ལས་འཕེལ་རྒྱས་བརྡ་སྟོན་པར་རིས།


ཁྲ་མོ་མཚོའི་ཏུན་ཁྲིའི་གློག་གསོག་རིམ་པའི་ཐཱན་སྐྱུར་ལིས་རྣམ་གྲངས།



ཅུས་ལུང་རིག་ནུས་ཅན་གྱི་གཏེར་འདེམས་མ་ལག་ཆེ་གྲས།


དཔལ་ཤོད་དུང་དཀར་ཨར་འདམ་བཟོ་གྲྭ།


བོད་ལྗོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི་བཞི་སྟོང་ཡན་ཡོད་པ་དང་། རླུང་ཁམས་ཆེན་པོའི་དབྱང་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་བརྒྱ་ཆའི་དྲུག་ཅུ་དང་མཚུངས། རང་སྐྱོང་ལྗོངས་ཀྱིས་དབྱང་རླུང་མཁོ་སྤྲོད་འགན་ལེན་དམ་འཛིན་བྱེད་པ་དང་། ཁེ་ལས་ཀྱིས་ས་བབ་མཐོ་བའི་ས་ཁུལ་དང་འཚམ་པའི་སྨན་བཅོས་དང་བདེ་སྲུང་སྒྲིག་ཆས་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལས་ཁུངས་དང་ཁེ་ལས་ཀྱི་བྱ་གཞག་སྡེ་ཚན།སྨན་ཁང་།སྡོད་ཁང་སོགས་རིགས་འདྲ་མིན་གྱི་ཚོགས་ར་རུ་བེད་སྤྱོད་རྒྱ་ཆེན་པོ་བྱས་པས།མཐོ་སྒང་གི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་བཏང་ཡོད།



བོད་ལྗོངས་ནས་ཆང་བཟོ་གྲྭ།


དབྱངས་བཟོ་ཐོན་སྐྱེད་མ་ལག



རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཞེས་པ་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་དུ་བརྩིས་ཏེ། བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་མཐོ་སྒང་གི་ཡང་བའི་བཟོ་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། ཐབ་ཆས་བསྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཐོ་སྒང་གི་ཐབ་ཆས་ཐོན་རྫས་རིགས་ཆེན་པོ་བདུན་དང་སྣ་ཁ་སུམ་ཅུ་ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ་དང་།རྒྱལ་ཁབ་ཀྱི་ཆེད་ཁེ་བཅོ་བརྒྱད་རེ་ཞུ་བྱས། གངས་ལྷ་མེ་ཏོག་དང་སྐལ་བཟང་མེ་ཏོག་སོགས་ཀྱི་ཚོང་རྟགས་ཐོ་འགོད་བྱས་ཡོད། མིག་སྔའི་བར་མཐོ་སྒང་གི་ཐབ་ཆས་སྣ་ཚོགས་འབུམ་བརྒྱད་ཁྲི་ལྔ་ཕྱིར་ཚོང་བྱས་པ་དང་། ཕྱིར་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར་གསུམ་ལས་བརྒལ་ཡོད་པ་རེད།



རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནོར་བུ་སྲི་ཐར་གྱིས་བོད་ལྗོངས་ཐང་ག་འབྲི་བཞེངས་ལྟེ་གནས་སུ་སློབ་ཁྲིད་བྱེད་བཞིན་པ།


ལག་ཤེས་ལ་བརྟེན་ནས་བོད་སྤོས་བཟོ་བཞིན་པ།


རིག་གནས་ཡུལ་སྐོར་ཐོན་ལས།


༢༠༢༣ལོར་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་གྱ་དགུ་དང་བྱེ་བ་བརྒྱད་ས་ཡ་བདུན་ལ་ཟིན། མིག་སྔར་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་ཁུལ་གཅིག་དང་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ལྔ་ཡོད་པ་རེད། རང་སྐྱོང་ལྗོངས་ཡོངས་ལ་ཁྱོན་ཀ་ལྔ་རིམ་པའི་མཛེས་ལྗོངས་ཁུལ་ལྔ་དང་།རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་མཁར་གྲོང་གསུམ། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་བཞི། རྒྱལ་ཁབ་རིམ་པའི་སྤྲོ་གསེང་ཁྲོམ་གཞུང་བཞི། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་གཅིག རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་བསྡུས་ཁུལ་ལྔ་བཅས་ཡོད་པ་དང་། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མི་ཐེངས་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་གཅིག་ཁྲི་དྲུག་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཐད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་དྲུག་བརྒྱ་ང་གཅིག་དང་བྱེ་བ་བཞི་ས་ཡ་དྲུག་ལ་ཟིན་པ་རེད།


༢༠༢༡ནས་༢༠༢༣ལོའི་བར་དུ་སྣེ་ལེན་བྱས་པའི་ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་ཐད་ཀྱི་ཡོང་འབབ་ཀྱི་བསྡོམས་རྩིས་པར་རིས།




ཀོང་ཏུང་ཞིང་ཆེན་གྱིས་རོགས་བསྐྲུན་བྱས་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་དེ་ནི་བོད་ལྗོངས་ཀྱི་ཉིང་ཁྲིའི་ཁྲོན་བོད་གཞུང་ལམ་འགྲམ་དུ་ཆགས་ཡོད་ལ། ས་བབ་ལེགས་པོ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས་ཤར་ཕྱོགས་ཀྱི་སི་ཝེས་ཙེར་ཞེས་པའི་མཚན་སྙན་ཡོད།




ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ལྔ་པ།



ཧུའུ་པེ་ཞིང་ཆེན་དང་ལྷོ་ཁ་གྲོང་ཁྱེར་གྱིས་མཉམ་དུ་བསྒྲུབས་པའི་༢༠༢༣་ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་སྟོན་ཚོགས།




བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ནང་དོན་གཙོ་བོར་བྱས་ཤིང་། ལྷ་སའི་རང་བྱུང་རི་ཆུ་རྒྱབ་ལྗོངས་བྱས་ནས་བསྐྲུན་པའི་དངོས་རྣམ་ཟློས་གར་༼རྒྱ་བཟའ་ཀོང་ཇོ། ༽



མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རིགས།


ནས་དང་ཤ།འོ་མ་སོགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཐོན་རྫས་སྤུས་ལེགས་ལས་སྣོན་བྱས་པའི་ལས་རིགས་གཞི་ཁྱོན་ཅན་དང་།རྩེར་སོན་ཅན།ཞིབ་ཚགས་ཅན།བྱེད་ནུས་ཅན།མུ་འབྲེལ་ཅན་བཅས་སུ་འཕེལ་རྒྱས་བཏང་ཡོད། ༢༠༢༣་ལོར་རང་སྐྱོང་ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་ཉེར་དགུ་ཡོད་པ་དང་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་བཅུ་དགུ་དང་བྱེ་བ་གཅིག་ས་ཡ་བཞིར་ཟིན་ཡོད་པ་དེས། ཞིང་འབྲོག་མི་སེར་ཁྲི་གཅིག་དང་སྟོང་བརྒྱད་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད་པར་མ་ཟད།ཞིང་འབྲོག་མི་སེར་འབུམ་བཞི་ལྷག་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཡོད།



ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་བ་སྣང་རྫོང་གི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི།



ཧུའུ་ནན་ནས་ནང་འདྲེན་བྱས་པའི་བོད་ལྗོངས་ཀྱི་འབག་མེད་ཐོན་ཁུངས་ཀྱི་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་།



ཐན་ཅིན་གྱིས་རོགས་སྐྲུན་བྱས་པའི་ཆབ་མདོ་གྲོང་ཁྱེར་ཨ་དབང་གཡང་དཀར་ལུག་གི་དེང་རབས་ཅན་གྱི་གསོ་སྤེལ་རྟེན་གཞི།



མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས།



བོད་དེའི་བྱ་སྒོང་།



མཐོ་སྒང་གི་སྲན་ཕྱེ།



མཐོ་སྒང་གི་ནས་ཀྱི་ཐོན་རྫས།


དེང་རབས་ཞབས་ཞུའི་ལས་རིགས།


རང་སྐྱོང་ལྗོངས་ཀྱིས་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ལ་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས། ཚོང་ཟོག་གལ་ཆེན་གྱི་གསོག་འཇོག་མཛོད་ཁང་སོ་དགུ་དང་།ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་ཆས་སོ་གསུམ། རྫོང་རིམ་པའི་ཞིང་ལས་ཉོ་ཚོང་ཁྲོམ་ར་དོན་བཞི། གྲང་སྦྲེལ་མཛོད་ཉར་སྨི་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་བཅས་འཛུགས་སྐྲུན་བྱས། ས་ཁོངས་ལས་བརྒལ་བའི་གྲང་སྦྲེལ་ཟོག་འདྲེན་བསྡུ་འགྲེམས་ལྟེ་གནས་རྣམ་གྲངས་བཅུ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་རྣམ་གྲངས་སོ་གཅིག་བཅས་ལག་བསྟར་བྱས། གློག་རྡུལ་ཚོང་དོན་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པ་དང་།མཁོ་འཚོང་མཉམ་ལས་ཁང་གི་རྩ་འཛུགས་སྒྲིག་གཞི་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་།གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་སོ་དགུ་བཙུགས་ནས། ཞིང་འབྲོག་ཁུལ་གྱི་དེང་རབས་ཚོང་དོན་ཞབས་ཞུའི་འབྲེལ་དྲ་གཞི་རྩའི་ཆ་ནས་གྲུབ་ཡོད།



རང་སྐྱོང་ལྗོངས་ཚོང་དོན་འཁོར་རྒྱུག་དྲ་ཚིགས་ཀྱི་བཀོད་སྒྲིག་པར་རིས།



བོད་ལྗོངས་ཀྱི་རིག་ནུས་ཅན་གྱི་ཟོང་འདྲེན་མཛོད་ཁང་ཐོག་མ།


བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས།

བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་དང་ཚོང་རྟགས་གྲགས་ཅན་ཁག་ཅིག་གྲུབ་ཡོད། བཟོ་སྐྲུན་ཚད་ལྡན་ཅན་གྱི་ཁས་ལེན་ཁེ་ལས་བཅུ་བདུན་ཡོད་པ་དང་།རྒྱལ་ཁབ་ཀྱི་སྨན་རྫས་ཆོག་མཆན་ཨང་རྟགས་སུམ་བརྒྱ་བཅུ་གཅིག་དང་རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་ཉེར་གཉིས་ཡོད།གསོ་རིག་རྒྱུད་བཞི་དེ་འཛམ་གླིང་དྲན་ཤེས་ཞེས་པའི་(རྒྱལ་སྤྱིའི)མིང་ཐོའི་ནང་བདམས། བོད་སྨན་ལུམས་སྦྱོར་དེ་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ནང་ཚུད་ཅིང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཚན་སྙན་གྲགས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད།



བོད་སྨན་ཁེ་ལས་ཀྱི་དེང་རབས་ཅན་གྱི་ཐོན་སྐྱེད་འཁོར་ཁང་།




གསོ་རིག་རྒྱུད་བཞི་དེ་འཛམ་གླིང་དྲན་ཤེས་ཞེས་པའི་རྒྱལ་སྤྱིའི་མིང་ཐོའི་ནང་ཚུད་པའི་དཔང་ཡིག



བོད་སྨན་གྱི་ཐོན་རྫས་རབ་དང་རིམ་པ།



མཐོ་གསར་ཨང་ཀིའི་ཐོན་ལས།


༢༠༢༣་ལོར་རང་སྐྱོང་ལྗོངས་ཡོངས་ཀྱི་ཨང་ཀིའི་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཉིས་བརྒྱ་ལྔ་བཅུ་ལས་བརྒལ་ཞིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་ཚེག་གསུམ་འཕར་བ་དང་། རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་ཐོག་མར་བརྒྱ་ཆའི་བཅུ་ལས་བརྒལ། ལོ་གསུམ་ལ་བསྟུད་མར་ཆ་སྙོམས་འཕར་ཚད་བརྒྱ་ཆའི་བཅུ་གཉིས་ལས་བརྒལ་ཡོད་པ་རེད། གཏན་འཇགས་ཡངས་ལམ་དང་ཆ་འཕྲིན་རབས་བཞི་པ་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་པ་དང་། ཆ་འཕྲིན་རབས་ལྔ་པ་དེ་རྫོང་ཁོངས་དང་ཤང་དང་གྲོང་སྡེ་གལ་ཆེན་ཚང་མར་ཁྱབ་ཡོད། མི་རེའི་ཆ་སྙོམས་ཆ་འཕྲིན་རབས་ལྔ་པའི་ས་ཚིགས་བེད་སྤྱོད་བྱས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཅིག་སྣོན་བདུན་དང་ཟུང་འབྲེལ་བྱེད་པའི་གཞི་གྲངས་ཆེན་པོའི་ལྟེ་གནས་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་། གཞི་གཅིག་ཅན་གྱི་གཞི་གྲངས་བཅོས་སྐྱོང་མ་ལག་བཀོད་སྒྲིག་མགྱོགས་སུ་བཏང་ཡོད། སྲིད་དོན་གྱི་དྲ་གཅིག་ཀུན་ཁྱབ་ལས་སྒྲུབ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ་དང་།གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།ཆ་འཕྲིན་ཅན་གྱི་གཙོ་གནད་རྣམ་གྲངས་ཁག་ཅིག་འཁོར་སྐྱོད་བྱེད་འགོ་ཚུགས་པ།ཨང་ཀི་ཅན་གྱི་ལུགས་བསྒྱུར་ཚོད་ལྟའི་དཔེ་སྟོན་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།མཐོ་གསར་ཨང་ཀིའི་ཐོན་ལས་དེ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།


སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས།


༢༠༢༣ལོར་བོད་ལྗོངས་སུ་མཁའ་འགྲུལ་ཤར་གཏོང་ཐུབ་པའི་ཁེ་ལས་ཀྱིས་ཁྱོན་གནམ་གྲུ་གཏོང་ཐེངས་༢༡༢༨ཡིན་པ་དང་།ཆུ་ཚོད་༡༢༤༩ལྷག་འཕུར་སྐྱོད་བྱས་ཤིང་།འགྲུལ་པ་མི་ཐེངས་༢༣༦༥སྐྱེལ་འདྲེན་བྱས། མི་མེད་གནམ་གྲུ་བསྡོམས་པས་ཐེངས་༨༤༡༡འཕུར་སྐྱོད་བྱས་པ་དང་།དངོས་ཟོག་ཏུན་༡༠༦སྐྱེལ་འདྲེན་བྱས་པར་མ་ཟད། མཐའ་མཚམས་སུ་སྐོར་ཞིབ་ཆུ་ཚོད་༨༧༥་ལྷག་འཕུར་སྐྱོད་བྱས།



རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱས་པ།



ལྷ་སའི་གངས་རྒོད་སྤྱི་སྤྱོད་མཁའ་འགྲུལ་སྤྱི་གཉེར་ཁང་།