སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ནས་གྲུབ་འབྲས་ཡག་མོ་བླངས།
༢༠༡༦ལོར་སློབ་གསོ་པུའུ་ཡིས་སྔ་རྗེས་སུ་ཁག་དང་པོའི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ལས་དོན་ལག་བསྟར་བྱེད་འགོ་བརྩམས། ༢༠༡༨ལོའི་བར་དུ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། འབྲེལ་ཡོད་ལས་ཁུངས་བཅུ་བདུན་གྱིས་སྔ་གཞུག་ཏུ་སློབ་གསོའི་ཤེས་ལྡན་མི་སྣ་ཆིག་སྟོང་ཉིས་བརྒྱ་དོན་དྲུག་བོད་ལྗོངས་ལ་མངགས་ནས་སློབ་གྲྭ་ཉི་ཤུ་ལ་རོགས་བྱས་ཤིང་། རོགས་སྐྱོར་བྱ་ཡུལ་གྱི་སློབ་གྲྭ་ཁག་གི་ལས་དོན་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ༢༠༡༩ལོ་ནས་བཟུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་དེ་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་མངག་གཏོང་བྱེད་པའི་སྤྱིའི་འཆར་གཞིའི་ནང་བཅུག་སྟེ། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅུ་བདུན་གྱིས་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་བརྒྱད་བརྒྱ་བོད་ལྗོངས་ལ་མངགས་ནས། བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཉེར་་གཅིག་ལ་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་བྱ་ཡུལ་གྱི་སློབ་གྲྭ་ཁག་གི་ལས་དོན་སོ་སོ་མངོན་གསལ་དོད་པོས་ཡར་ཐོན་བྱུང་བ་ད་ང། ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པར་སྐུལ་ཁྲིད་བྱས་ནས། སློབ་གྲྭ་གཅིག་ལ་རོགས་བྱས་ན་ས་ཁུལ་གཅིག་ལ་དཔེ་སྟོན་ཐུབ་པའི་དམིགས་འབེན་ལེགས་པར་གྲུབ།
སློབ་གསོའི་འདུ་ཤེས་གསར་སྒྱུར་ཇེ་མགྱོགས་སུ་གཏོང་བ།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་དམིགས་ནས། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གསར་སྤེལ་བྱེད་པ་དང་། ས་གནས་དེ་གའི་དགེ་རྒན་གྱི་སློབ་ཁྲིད་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱེད་པ། སློབ་མས་སློབ་ཁང་དུ་བློ་གྲོས་ཀྱི་སྒོ་འཕར་འབྱེད་པ་དང་ནང་དོན་གཏིང་ཟབ་ལོན་པའི་ཕྱོགས་སུ་སྐུལ་ཁྲིད་བྱེད་པ། བྱིས་པས་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་པའི་ཁོར་ཡུག་དང་མཁའ་དབུགས་བསྐྲུན་ནས་སློབ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་། དེ་དང་བསྟུན་ནས་རྨང་གཞིའི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་ནུས་ལྡན་ངང་མཐོ་རུ་བཏང་ཡོད།
རྨིན་ཁྲང་སྨན་པ་གྲགས་ཅན་ལས་སྒྲུབ་ཁང་གིས་གསོ་སྐྱོང་བྱས་པའི་སྐལ་བཟང་མེ་ཏོག་རུ་ཁག |
བོད་སྐྱོར་ལས་བྱེད་པས་བྱིས་པ་རྣམས་ལ་ཀྲུང་ལུགས་སྨན་རྩྭ་ངོས་འཛིན་བྱེད་པའི་ལག་ལེན་དམར་ཁྲིད་གནང་བ། |
བོད་སྐྱོར་སློབ་གསོའི་མིག་དཔེ་འཛུགས་སྐྱོང་བྱས་པ།
སློབ་གསོའི་ཐོན་ཁུངས་ཡག་མོ་མྱོང་ཐུབ་པར་སྐུལ་འདེད་གཏོང་བ།
ཆ་འཕྲིན་ཅན་གྱི་གཉིས་ཚེག་ཐིག་གི་བྱ་སྤྱོད་འཆར་གཞི་ལས་བོད་ལྗོངས་སློབ་གསོའི་ཇོ་མོ་གླང་མའི་འཆར་གཞི་སྣེ་ཁྲིད་དུ་འཛིན་པ་དང་། འབྲེལ་དྲ་དང་ཟུང་འབྲེལ་བྱེད་པའི་སློབ་ཁྲིད་བྱེད་སྟངས་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་གྲྭའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་།དུས་མཉམ་དུ་སློབ་ཁྲིད་བྱེད་པ་དང་དུས་མཉམ་དུ་སློབ་དཔྱོད་ལ་འཇུག་པ། ཡུལ་གཞན་དུ་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། སྤུས་ལེགས་སློབ་ཁྲིད་མཐོ་སྒང་དུ་སྤེལ་ནས་སློབ་མའི་སེམས་ཀྱི་ཞིང་ས་སྐྱོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། རྒྱ་ཆེའི་མཐོ་སྒང་གི་བྱིས་པར་སྔར་བས་འདྲ་མཉམ་དང་སྔར་བས་སྤུས་ཚད་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ལོངས་སུ་སྤྱོད་དུ་བཅུག་ཡོད།
སྨྱན་བྱེད་སྣ་མང་གི་སློབ་ཁྲིད་གྲ་སྒྲིག་ཡོ་ཆས། |
སློབ་རའི་བརྙན་འཕྲིན་ཁང་གིས་བྱིས་པའི་ཕུགས་འདུན་འོད་ཀྱིས་བརྒྱན་པ། |
|
|
|
དྲ་ཐོག་ནས་སློབ་དཔྱོད་ཞིབ་འཇུག་དང་སློབ་ཁྲིད་གྲ་སྒྲིག་གི་བྱེད་སྒོ་སྤེལ་བ།
སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱེད་པ།
༢༠༡༦ལོར་ཚོགས་པ་སྒྲིག་འཛུགས་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་བོད་སྐྱོར་ཚོགས་པ་ཁག་གིས་དགེ་སློབ་ཟླ་སྒྲིག་དང་། གསར་རྙིང་ཟླ་སྒྲིག སློབ་ཚན་ཟླ་སྒྲིག རིག་ཚན་རོགས་སྐྱོར་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་བ་དང་། དགེ་སློབ་ཉིས་སྟོང་ལྔ་བརྒྱ་བཅོ་བརྒྱད་བར་ཟླ་སྒྲིག་འབྲེལ་བ་བཙུགས་པ། རོགས་སྐྱོར་ཚོགས་པ་དང་སློབ་དཔྱོད་ཞིབ་འཇུག་དཔུང་ཁག་བརྒྱ་དང་ཉི་ཤུ་བཙུགས་པ་བཅས་བྱས་ནས། ཕན་ཚུན་སློབ་སྦྱོང་དང་རོགས་རེས་བྱེད་པའི་ཐུན་མོང་ཚོགས་པ་ཞིག་ཆགས་པ་དང་། བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་གྱིས་མཉམ་དུ་སློབ་ཁྲིད་གྲ་སྒྲིག་དང་། མཉམ་དུ་སློབ་ཁྲིད་ཀྱི་འཆར་གཞི་བཟོས་ནས་ས་གནས་དེ་གའི་དགེ་རྒན་མགྱོགས་མྱུར་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད།
༢༠༡༦ལོར་ཚོགས་པ་སྒྲིག་འཛུགས་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། བོད་སྐྱོར་དགེ་རྒན་གྱིས་གཞི་རིམ་དུ་སློབ་གསོ་བྱེད་སྒོ་ཐེངས༤༢༧༧སྤེལ་བ་དང་། དགེ་རྒན་ཁྲི་༥ལྷག་ལ་ཕན་ཐོགས་ཤིང་། ས་གནས་དེ་གའི་སློབ་གསོའི་འདུ་ཤེས་དང་། དོ་དམ་བྱ་ཐབས། སློབ་ཁྲིད་ནུས་རྩལ་སོགས་ལ་འགྱུར་བ་ཟབ་མོ་བྱུང་།
བོད་སྐྱོར་གྱི་འཛུམ་མདངས།
ཁྲུང་ཆིང་དང་ཆབ་མདོའི་སློབ་དཔྱོད་ཞིབ་འཇུག་མཉམ་ལས་ཀྱིས་རེ་བའི་ཕུགས་འདུན་བསྐྲུན་པ། |
ཀྲུང་ཧྭའི་རིགས་རྒྱུད་གཅིག་ལ་གནས། ཝན་བོད་མཛའ་འབྲེལ་སྔར་བས་ཟབ། |
སློབ་སྦྱོང་སྤེལ་རེས་བྱས་ནས་མཉམ་དུ་འཚར་ལོངས་བྱུང་། དབྱི་བོད་བྱིས་པ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། |