headerbg
 
zhongyangguanxinbottom

མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དེ་ཇེ་ལེགས་ཕྱིན།

མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དང་རྐང་ཚུགས་སར་བཟུང་ནས། ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་ནུས་ཤུགས་ལ་བལྟས་ནས་སྒྲུབ་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་འཛུགས་པ། དམངས་འཚོའི་ལས་གཞི་ཆེན་པོ་བཅུ་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་ཞུགས་དང་།སློབ་གསོ།སྨན་བཅོས།ཚན་རྩལ།རིག་གནས།སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་ལེགས་པར་སྒྲུབ་པ།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་༢༠༡༢ལོར་སྒོར་༡༨༣༦༣དང་སྒོར་༥༦༩༨ནས་༢༠༢༣ལོར་སྒོར་༥༡༩༠༠དང་སྒོར་༡༩༩༢༤བར་འཕར་བ་དང་།ཡོང་འབབ་ཁག་གཉིས་ཀྱི་འཕར་ཚད་ལོ་མང་པོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པས།མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་། ཐོབ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།


༢༠༢༡་ལོ་ནས་༢༠༢༣་ལོའི་བར་དུ་མི་རེའི་ཆ་སྙོངས་བེད་སྤྱོད་ཆོག་པའི་ཡོང་འབབ་འཕར་སྣོན་གྱི་བསྡོམས་རྩིས་པར་རིས།



མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་གཉེར་བ།


རང་སྐྱོང་ལྗོངས་ཀྱི་རྫོང་དང་གྲོང་ཁྱེར།ས་ཁུལ་དོན་བཞི་ཡི་འོས་འགན་སློབ་གསོའི་ཆ་སྙོམས་དཔྱད་དཔོག་ལ་རྒྱལ་ཁབ་ཀྱི་ངོས་འཛིན་ཁས་ལེན་ཐོབ་ཡོད་ལ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་བརྒྱ་ཆའི་གོ་བདུན་ཚེག་བདུན་གསུམ་ཟིན་པས།ཇེ་ཉུང་དུ་གཏོང་བ་གཉིས་ཀྱི་བྱ་སྤྱོད་ལག་བསྟར་དོན་འཁྱོལ་བྱས་ཡོད། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཕུལ་བྱུང་གསོ་སྐྱོང་གི་འཆར་གཞི་དང་། ཆུ་ཚད་མཐོ་བའི་ལས་རིགས་སློབ་གྲྭ་དང་། ཕུལ་བྱུང་འབྲིང་རིམ་སློབ་གྲྭ་དང་ཕུལ་བྱུང་འབྲིང་རིམ་ཆེད་ལས་ལས་གཞི་ལག་བསྟར་བྱས་ནས། བོད་ལྗོངས་སློབ་གྲྭ་ཆེན་མོའི་པུའུ་དང་ས་ཁུལ་མཉམ་འཛུགས་དང་རྩེ་གྲ་གཉིས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་རེད།


༡༩༩༤ལོ་དང་༢༠༢༣ལོའི་བར་གྱི་སློབ་གྲྭའི་ནང་གི་སློབ་མའི་ཁ་གྲངས་བསྡུར་བའི་པར་རིས།


ལྷ་སའི་པེ་ཅིན་ཚོད་ལྟ་སློབ་འབྲིང་།


སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོར་འདེགས་གཏོང་བ།


རང་སྐྱོང་ལྗོངས་ཀྱི་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཀྱི་ས་མཐོའི་གསོ་རིག་ལྟེ་གནས་འཛུགས་སྐྲུན་བྱས། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། གྲོང་ཁྱེར་དང་ས་ཁུལ་གྱི་མི་དམངས་སྨན་ཁང་བདུན། རྫོང་རིམ་པའི་སྨན་ཁང་བཅུ་གསུམ་བཅས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ལས་དོན་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་ཡོད།



ཧེ་ལུང་ཅང་གིས་ལྷའི་ཕོ་ཉའི་འགྲུལ་བཞུད་ཅེས་པ་སྟེ།བོད་ལྗོངས་ཀྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་ཚགས་བཤེར་རོགས་སྐྱོབ་བྱ་སྤྱོད་སྤེལ་བ།


བོད་ལྗོངས་ཀྱི་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཁང་།


དམངས་ཡོངས་ཉེན་འགོག་འགན་སྲུང་ནང་ཞུགས་པའི་འཆར་གཞི་བརྟན་པོའི་ངང་ལག་བསྟར་བྱེད།

རིགས་འདྲ་མིན་གྱི་སྤྱི་ཚོགས་ཉེན་འགོག་འགན་སྲུང་ནང་ཞུགས་པའི་མི་གྲངས་ས་ཡ་གསུམ་དང་འབུམ་གཅིག་ཁྲི་དགུར་ཟིན་པ་དང་། འགན་སྲུང་ནང་ཞུགས་དགོས་པ་རྣམས་གང་ཐུབ་ཀྱིས་ཞུགས་ཡོད། ༢༠༡༤ལོའི་ཟླ་བདུན་པར་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། རང་སྐྱོང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་འབོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་གཅིག་ལྔ་བརྒྱར་ཟིན་ཡོད།


ལས་ཞུགས་གནས་བབ་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱེད་པ།

ཐབས་ལམ་མང་པོར་བརྒྱུད་ནས་ཞིང་འབྲོག་ལས་རིགས་ཀྱི་གནས་སྤོ་མི་འབོར་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆའི་གོ་ལྔ་ལས་བརྒལ་ཞིང་། གྲོང་ཁྱེར་དང་གྲོང་རྡལ་ཁག་ཏུ་དུད་ཁྱིམ་ཚང་མར་ལས་ཞུགས་ཐུབ་མཁན་ཡོད་པའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ཞིང་འབྲོག་མི་སེར་གྱི་གནས་སྤོ་ལས་ཞུགས་བྱས་ཚད་མི་གྲངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་སྟོང་བཞིར་ཟིན།



༢༠༡༩ལོ་ནས་༢༠༢༣ལོའི་བར་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་འབོར་གྱི་བསྡོམས་རྩིས་པར་རིས།



༢༠༡༧ལོ་ནས་༢༠༢༣ལོའི་བར་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རང་སྐྱོང་ལྗོངས་ནང་ཁུལ་དང་རང་སྐྱོང་ལྗོངས་ཀྱི་ཕྱི་རུ་ལས་ཞུགས་བྱེད་མཁན་གྱི་མི་གྲངས་བསྡུར་བའི་པར་རིས།


འཚོ་བའི་ཉེར་མཁོའི་དངོས་རྫས་ཀྱི་མཁོ་སྤྲོད་མ་ལག་འཐུས་ཚང་གཏོང་བ།


རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་གི་གྲབས་གསོག་གཙོ་བོར་བྱེད་པ་དང་།སྤྱི་ཚོགས་ཀྱི་གྲབས་གསོག་དང་ཚོང་ལས་ཀྱི་གྲབས་གསོག་ཕལ་བ་བྱེད་པའི་ཞོར་ཟས་གྲབས་གསོག་མ་ལག་བཙུགས་ནས། འཚོ་བའི་ཉེར་མཁོའི་དངོས་རྫས་ཀྱི་མཁོ་སྤྲོད་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་མཁོ་སྤྲོད་འགན་ལེན་ནུས་པ་དང་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།



འཚོ་བའི་ཉེར་མཁོའི་དངོས་རྫས་ཀྱི་མཁོ་སྤྲོད་འདང་ངེས་ཡིན་པ།



ཞོར་ཟས་གྲབས་གསོག་གནས་ཚུལ།


སྤྱི་པའི་རིག་གནས་ཞབས་ཞུ་ཇེ་ལེགས་གཏོང་བ།


སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་གཏོང་བ་དང་། དུས་རབས་གསར་པར་འབད་པས་སྐྱོད་ཅེས་པ་བརྗོད་དོན་ཡིན་པའི་གྲུབ་འབྲས་འགྲེམ་སྟོན་གྱི་བོད་ལྗོངས་ཀྱི་འགྲེམ་སྟོན་སྤེལ་བ་དང་། བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་སྟོན་ཚོགས་སྐབས་དང་པོ་འཚོགས་པ་རེད།



རིག་གནས་གཞི་རིམ་དུ་སྐྱེལ་བ།