headerbg
 
zhongyangguanxinbottom

འཕེལ་རྒྱས་ལ་དམིགས་ནས།

མཐོ་སྒང་གི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ལྗོངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་བསྐྲུན་དགོས་པ་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་བྲལ་ལ་རྒོལ་བའི་དོན་སྙིང་བསྐྲུན་དགོས་པ།དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བསྐྲུན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་དགོས་ཞེས་ནན་གསུང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་། ཕྱོགས་ཡོངས་བཅས་ནས་ལག་ལེན་མཐར་ཕྱིན་རྒྱུན་འཁྱོངས་དང་།འཕེལ་རྒྱས་དོ་སྙོམས་མིན་པ་དང་ཆ་ཚང་མིན་པའི་གནད་དོན་ལ་དམིགས་པ།འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ།ནང་མཁོའི་སྒུལ་ཤུགས་གསོ་སྤེལ་བྱེད་པ།འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ནས། བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།