headerbg
 
zhongyangguanxinbottom

མཐའ་མཚམས་ཀྱི་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བ།

མཐའ་མཚམས་བརྟན་བརླིང་གི་དགོས་མཁོ་གལ་ཆེན་དང་།མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དེ་ལས་ཀའི་གཙོ་གནད་དང་འགག་རྩ་རུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་པའི་སྒོ་ནས་མཐའ་མཚམས་ཀྱི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་དང་།མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ནས།མཐའ་མཚམས་མི་སེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་རེད།༢༠༢༠ལོར་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་གི་ཞིང་འབྲོག་མི་སེར་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།མིག་སྔའི་བར་དུ།མཐའ་མཚམས་མི་སེར་ལ་ཁ་གསབ་རོགས་དངུལ་སྤྲད་པའི་གྲངས་འབོར་མང་ཤོས་དེ་མི་རེར་ལོ་རེར་སྒོར་ཆིག་ཁྲི་སུམ་སྟོང་བརྒྱད་བརྒྱ་ལ་ཕྱིན་པ་རེད།


ཁྱད་ལྡན་ཐོན་ལས།


མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐའ་མཚམས་རྫོང་དང་ཤང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་ཏེ།གཙོ་གནད་ལས་གཞིའི་རྣམ་གྲངས་ཁག་ཅིག་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་།ཚོད་ལྟའི་དཔེ་སྟོན་ལས་གཞི་ཁག་ཅིག་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ལ།མཐའ་མཚམས་ས་ཁུལ་གྱི་ནང་མཁོའི་འཕེལ་རྒྱས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས།རྒྱུན་ཆད་མེད་པར་རོང་འབྲོག་མང་ཚོགས་ཀྱིས་ཐག་ཉེ་ས་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཐུབ་པར་བྱུང་ཡོད།



ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་མཁོ་འཚོང་མཉམ་ལས་ཁང་།




སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཤོ་ཀ་འདེབས་འཛུགས་མཉམ་ལས་ཁང་།



གམ་པ་རྫོང་གི་ལུག་གསོ་སྤེལ་མཉམ་ལས་ཁང་།



མེ་ཏོག་རྫོང་པས་ཕུང་ཤང་གི་མི་སེར་ཚོས་ཇ་ལོ་འཐོག་བཞིན་པ།



ལྷོ་བྲག་རྫོང་ཚེ་སྨད་གྲོང་ཚོའི་བོད་དེ་གསོ་སྤེལ་ར་བ།



ཧྲང་ཧེ་ནས་གཞིས་ཀ་རྩེ་བར་གྱི་དིང་རི་གནམ་ཐང་གི་བོད་སྐྱོར་ཡུལ་སྐོར་གནམ་གྲུ་ཐོག་མ་བདེ་བླག་ངང་འབྱོར་བ།



མངའ་རིས་སྤུ་ཧྲེང་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་ནས་ལོ་བཅུ་འགོར་ཡོད་ལ། མངའ་རིས་ཀྱིས་ཕྱི་ལ་འབྲེལ་བ་བྱེད་པར་མཁའ་ལམ་བསྐྲུན་ཡོད།


མཐའ་མཚམས་ཡུལ་སྐོར་གནས་ཚུལ་གྱི་བསྡོམས་རྩིས་རེའུ་མིག



འགག་སྒོའི་ཉོ་ཚོང་།


༢༠༢༡ལོ་ནས༢༠༢༣ལོའི་བར་འགག་སྒོའི་ཞིབ་བཤེར་དང་འབྲེལ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་བཅུ་ལག་བསྟར་བྱས་པ་དང་།ལེགས་རྩེ་འགག་སྒོ་ཞིབ་བཤེར་རྩིས་ལེན་བྱས་ནས་འགྲོ་འོང་ཤར་གཏོང་ཐུབ་ལ།སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་ལ་ཆོག་མཆན་ཐོབ་ནས།བལ་བོའི་སྐམ་སའི་འགག་སྒོ་འབྱེད་འོས་པ་གང་ཐུབ་ཀྱིས་འབྱེད་པ་དང་།འགྲུལ་པ་དང་དངོས་ཟོག་གཉིས་ཀ་བརྒྱུད་ཐུབ་པ་བྱུང་ལ།འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་དངོས་ཟོག་སྐྱེལ་འདྲེན་གྱི་རིན་ཐང་བསྡོམས་འབོར་ནི་སོ་སོར་ཏུན་འབུམ་གསུམ་དང་ཁྲི་གསུམ་སྟོང་གསུམ་སུམ་བརྒྱ་དང་། སྒོར་དུང་ཕྱུར་བརྒྱ་དང་བཅུ་མེད་བརྒྱད་དང་བྱེ་བ་བཞི་ས་ཡ་དྲུག་ཟིན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆའི་བདུན་ཅུ་དོན་གཉིས་ཚེག་བཞི་དང་བརྒྱ་ཆའི་ལྔ་བཅུ་ང་ལྔ་ཚེག་བརྒྱད་འཕར་ཡོད།



སྐྱིད་གྲོང་འགག་སྒོ་ནས་མངའ་ཁོངས་ཕྱི་ལ་སྐྱོད་པར་སྒུག་པའི་བལ་བོའི་ཟོང་འདྲེན་རླངས་འཁོར།



གཉའ་ནང་རྫོང་གི་འགྲམ་འགག་སྒོ



ལྗོངས་ཡོངས་ཀྱི་འགག་སྒོ་འཕེལ་རྒྱས་གཏོང་བའི་འཆར་འགོད་པར་རིས།




ཀྲུང་གོའི་སྐྱིད་གྲོང་ནས་བལ་པོ་རེ་སའོ་ཝའི་བར་གྱི་མི་སྣ་འགྲོ་འོང་སླར་གསོ་བྱེད་པའི་མཛད་སྒོ།



འབྲོང་འགག་སྒོའི་འགྲུལ་སྐྱེལ་བྱེད་ནུས་སླར་གསོ་བྱེད་པའི་མཛད་སྒོ།



ཀྲུང་གོ་དང་བལ་པོའི་ལེགས་རྩེ་ནས་ནེ་ཆུང་བར་གྱི་འགག་སྒོ་ཤར་གཏོང་ཐུབ་པའི་མཛད་སྒོ།



ཀྲུང་གོའི་སྐྱིད་གྲོང་ནས་བལ་པོ་རེ་སའོ་ཝའི་བར་གྱི་མི་སྣ་འགྲོ་འོང་སླར་གསོ་བྱེད་པའི་མཛད་སྒོ།