headerbg
 
zhongyangguanxinbottom

ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ཀྱི་གསར་གཏོད་དང་ལག་ལེན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ་བོད་ལྗོངས་ལ་སྨན་དང་སྨན་པ་ཉུང་བ་དང་སློབ་གསོའི་རྨང་གཞི་ཞན་པའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཚོགས་པ་སྒྲིག་འཛུགས་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཐབས་ཇུས་གལ་ཆེན་བཀོད་སྒྲིག་མཛད་དེ། ལས་བྱེད་འཇོན་མིས་བོད་ལ་རོགས་སྐྱོར་བྱེད་པའི་ལེའུ་གསར་པ་བསྐྲུན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཏུ། ལོ་འདི་དག་རིང་ས་ཁུལ་ཁག་དང་སྡེ་ཁག་སོ་སོས་བོད་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཚོགས་པ་སྒྲིག་འཛུགས་རྣམ་པ་སོགས་བོད་སྐྱོར་བྱེད་ཐབས་གསར་པ་སྤྱད་དེ་བོད་ལྗོངས་ཀྱི་དམངས་འཚོའི་གནད་དོན་མང་པོ་ཐག་གཅོད་བྱེད་པར་རོགས་རམ་བྱས་ཤིང་། ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་མང་པོ་བླངས་པས། ནན་ཏན་གྱིས་ཉམས་མྱོང་ཕྱོགས་བསྡོམས་དང་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་པ་རེད།