headerbg
 
zhongyangguanxinbottom

བཅོས་བསྒྱུར་སྒོ་འབྱེད། གོམ་སྟབས་མྱུར་ཞིང་གོམ་ཁ་བརྟན།

བཅོས་བསྒྱུར་སྒོ་འབྱེད་ནི་བོད་ལྗོངས་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་གནད་འགག་གི་ཐབས་ལམ་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ལམ་ལུགས་ནང་རྐྱེན་ཇེ་ལེགས་དང་ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་བཅོས་བསྒྱུར། ཚན་རྩལ་རྣམ་པའི་ཁེ་ལས་གསོ་སྤེལ་གཏིང་ཟབ་ཏུ་གཏོང་བ།ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར།སྒོ་འབྱེད་མཐོར་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ།རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་པ་བཅས་བྱས་ནས།ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་བགྲོད་ལམ་གལ་ཆེན་མགྱོགས་མྱུར་གཏོད་པ་དང་ཁྲོམ་རའི་གསོན་ཤུགས་ཁྱོན་ཡོངས་ནས་འདོན་སྤེལ་བྱས་ཡོད།


བཅོས་བསྒྱུར་ཟབ་སྤེལ།


ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་གྱི་ལས་གཞི་དང་པོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། བོད་སྐྱོར་གྱི་ཚོང་འགུག་དངུལ་འདྲེན་ཚོང་རྟགས་གཏོད་པ་རེད། རྩེ་གྲ་བཞི་ཡི་ཚད་གཞི་དང་མཐུན་པའི་བྱ་སྤྱོད་སྤེལ་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཕྱེད་ཀ་ཙམ་ཉུང་དུ་ཕྱིན་ཡོད། གྲོང་གསེབ་ཀྱི་ཐུན་མོང་གི་ཐོན་དབང་ལམ་ལུགས་དང་།གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས།གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བཅས་ཀྱི་བཅོས་བསྒྱུར་ཚོད་ལྟ་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་སྟེ། གྲོང་གསེབ་ཀྱི་ཐུན་མོང་གི་ས་ཞིང་ལ་བསྡོམས་པས་ཐོ་འགོད་ལག་ཁྱེར་འབུམ་ལྔ་དང་ཁྲི་གཉིས་སྤྲད་པ་དང་ལག་ཁྱེར་སྤྲོད་ཚད་བརྒྱ་ཆའི་བརྒྱར་ཟིན་ཡོད།རྒྱལ་དབང་ཁེ་ལས་བསྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་ལས་འགན་གཙོ་བོར་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། བོད་ལྗོངས་སུ་ཐོ་འགོད་བྱས་པའི་ཀྲུང་དབྱང་ཁེ་ལས་ཐོག་མར་སྒོ་བྱང་བཀལ་ནས་བཙུགས་པ་རེད། ཉིང་ཁྲི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱས་ཏེ། ཉིང་ཁྲིའི་བཅོས་བསྒྱུར་འཕེལ་རྒྱས་ལ་རང་བདག་དབང་ཆ་གང་ལེགས་བསྩལ་ཡོད།


ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད།


༼ཀྲུང་གོ་དང་བལ་པོའི་མཉམ་འབྲེལ་གསལ་བསྒྲགས་༽ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ས་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཐབས་ལམ་འཐུས་ཚང་གཏོང་བ་རེད། ༢༠༢༣་ལོར་ཕྱི་ཕྱོགས་ཉོ་ཚོང་གི་ནང་འདྲེན་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་དང་བཅུ་མེད་དགུ་དང་བྱེ་བ་བདུན་ས་ཡ་བརྒྱད་ལ་ཟིན་ཞིང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་སོ་བརྒྱད་ཚེག་གསུམ་འཕར་ཡོད་པས།འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རེད། ལམ་རྒྱུད་ས་ཁུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས། མིག་སྔའི་བར་དུ་ཚོང་དོན་པུའུ་ཡི་མངག་བཅོལ་དང་ལེན་བྱས་ཤིང་། རང་སྐྱོང་ལྗོངས་ཀྱིས་བལ་པོར་རོགས་སྐྱོར་བྱས་པའི་ཆ་སྒྲིག་དང་། ལག་རྩལ། གསོ་སྦྱོང་བཅས་ཀྱི་རྣམ་གྲངས་བཅུ་གཉིས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་གྱི་སྤྱིའི་དངུལ་གཏོང་གཞི་ཁྱོན་ཕལ་ཆེར་སྒོར་དུང་ཕྱུར་བདུན་དང་བྱེ་བ་དྲུག་ས་ཡ་གསུམ་ཟིན་ཡོད།



བོད་ལྗོངས་ཀྱི་ཚོང་འགུག་དངུལ་འདྲེན་ལ་གཅིག་བསྡུས་སྒོས་མིང་རྟགས་འགོད་པའི་མཛད་སྒོ་ལྷ་ས་རུ་སྤེལ། བསྡོམས་པས་རྣམ་གྲངས་ཉི་ཤུར་མིང་རྟགས་བཀོད་ཅིང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་བཅུ་མེད་གསུམ་དང་ས་ཡ་བརྒྱད་ལ་ཟིན།




ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་གཏན་འཁེལ་དང་དཔང་ཡིག་སྤྲོད་པའི་མཛད་སྒོ་སྤེལ།


བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་དེབ་ཐེར་རྒྱབ་ཤ་དཀར་པོ་ཁྱབ་བསྒྲགས་བྱས།



རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤེལ་ཁུལ་དང་འགག་སྒོའི་ཁྱབ་སྤེལ་པར་རིས།




༢༠༢༣་ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་འཕེལ་རྒྱས་གླེང་སྟེགས།


ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བསྐོར་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས།