མཐའ་མཚམས་ཀྱི་ཆ་རྐྱེན་རྒྱུན་མཐུད་ངང་འཐུས་ཚང་གཏོང་བ།
མཐའ་མཚམས་སྲུང་བ་དང་དར་རྒྱས་གཏོང་བ་གཉིས་མཉམ་དུ་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ།མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་གཉིས་ཟུང་འབྲེལ་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བས།མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་།བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོབ་མཁན་དང་།བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན་དུ་འགྱུར་བར་བརྩོན་ལེན་བྱེད་པ་རེད། ༢༠༡༧ལོ་ནས༢༠༢༡ལོའི་བར་བསྡོམས་པོས་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་གོ་བཞི་དང་བྱེ་བ་བདུན་བཏང་ནས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་དྲུག་བརྒྱ་ཉེར་བཞི་བདེ་བླག་ངང་འཛུགས་སྐྲུན་བྱས་ཡོད།མཐའ་མཚམས་ས་ཁུལ་གྱི་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོ་རུ་སྐོར་བརྒྱད་གྲོང་ཚོར་སླེབས་པ་དང་། གྲོང་ཚོ་ལ་དགུ་ཡོད་པ། བཅུ་དུད་ཚང་ནང་ལ་སླེབས་པ་ཞེས་པ་གཞི་རྩའི་ཆ་ནས་འགྲུབ་ཡོད་ལ། རི་ལུང་གཅིག་ལས་གཅིག་ལེགས་པ་དང་། མཐའ་མཚམས་ཀྱི་ས་ཁུལ་དང་པོ་ལྟེ་བའི་ས་ཁུལ་ལས་ལེགས་པ་དངོས་སུ་མངོན་འགྱུར་བྱུང་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷོ་ཁ་རུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སྐོར་ལ་གཟིགས་ཞིབ་གནང་བ།
མཐའ་མཚམས་ཀྱི་རྫོང་དང་གྲོང་ཁྱེར་ཉེར་གཅིག་ཚང་མར་སྣུམ་ལྡན་གཞུང་ལམ་ཤར་གཏོང་ཐུབ་པ་དང་།མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་འཛུགས་སྐྲུན་ལམ་ལུགས་ཀྱི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད།གློག་དྲ་གཙོ་བོ་རྒྱ་ཆེར་ཁེབས་པར་སྐུལ་འདེད་བཏང་ནས་མཚོ་བོད་དང་།ཁྲོན་བོད།བོད་དབུས།མངའ་རིས་བཅས་གློག་ཤུགས་ལམ་ཐིག་བཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་།མཐའ་མཚམས་ཀྱི་ས་ཁུལ་དང་གྲོང་ཁྱེར།མཐའ་མཚམས་ཀྱི་རྫོང་དང་གྲོང་ཁྱེར།མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་གློག་དྲ་གཙོ་བོའི་གློག་མཁོ་འདོན་ཐུབ་ནས།གློག་དྲ་སྔར་ལས་ལྷག་པའི་སྒོ་ནས་མཐའ་མཚམས་སུ་ཁེབས་པར་བྱས་ཡོད།མཐའ་མཚམས་ས་ཁུལ་དང་གྲོང་ཁྱེར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་།རྫོང་ཚང་མར་དམའ་རིམ་སློབ་འབྲིང་ཡོད་པ་དང་།ཤང་དང་གྲོང་རྡལ་དུ་ལྟེ་བའི་སློབ་ཆུང་དང་བྱིས་སྐྱོང་ཁང་ཡོད་པ་མངོན་འགྱུར་བྱུང་ལ།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཅིང་།སྔར་བས་འགན་ལེན་ཡོད་པ་དང་།སྔར་བས་རྒྱུན་སྲིང་ཐུབ་པ་བྱུང་ཡོད།
ནུས་ཁུངས་གཙང་མའི་དྲོད་འདོན། |
སྨན་གླིང་གྲོང་ཁྱེར་གྱི་གཙང་རྒྱུད་ཀྱི་གཞུང་ལམ། |
ཉིང་ཁྲིའི་མེ་ཏོག་རྫོང་གི་གཞུང་ལམ། |
འབྲོང་པ་རྫོང་གི་ཤང་དང་གྲོང་རྡལ་སློབ་ཆུང་གི་ལུས་རྩལ་ར་བ། |
མཐའ་མཚམས་ས་ཁུལ་གྱི་མི་སེར་ལ་འོས་འགན་སྨན་བཅོས་བྱེད་པ། |
མཐའ་མཚམས་ས་ཁུལ་གྱི་རྒྱང་བསྟེན་སྨན་བཅོས་འབྲེལ་དྲ། |
ལྷུན་རྩེ་རྫོང་རྩ་རི་ཤང་ལའོ་ཝ་གྲོང་གསར།
རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ཤོག་གཉིས་གྲོང་ཚོ།
གྲོ་མོ་རྫོང་བང་དམའ་གྲོང་ཚོ། |
མཚོ་སྣ་རྫོང་མག་མག་མོན་པའི་མི་རིགས་ཤང་། |
ཧྲའན་ཞིས་རོགས་སྐྲུན་བྱས་པའི་བདེ་མཆོག་གྲོང་ཚོའི་མཐའ་མཚམས་དཔེ་སྟོན་གྲོང་ཚོ་སྡོད་ཁང་གསར་པར་སྤོ་བའི་མཛད་སྒོ། |
མེ་ཏོག་རྫོང་མེ་ཏོག་གྲོང་རྡལ། |
མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་ལས་གཞི་ཁག་ཅིག་གི་འཛུགས་སྐྲུན་གནས་ཚུལ།
མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཚད།: ༦༢༤ |
གྲོང་སྡེའི་ནང་གི་གཞུང་ལམ་སྒྲིག་ཆས་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཚད། : གཞུང་ལམ༢༤༡༩ |
འདེབས་འཛུགས་ལས་རིགས། : མུའུ་ཁྲི་༣.༤༦ |
གསོ་སྤེལ་ལས་རིགས། : ཕྱུགས་ཟོག་ཁྲི༤དང་སྟོང་༨ |
བསྡོམས་པོས་དངུལ་གཏོང་གྲུབ་ཚད། : སྒོར་དུང་ཕྱུར་༡༩༣.༨༢ |
སྤྱི་བའི་ཞབས་ཞུའི་སྒྲིག་ཆས་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཚད། : སྨི་གྲུ་བཞི་མ་ཁྲི་༤༠.༩ |
ཞིང་ལས་ཐོན་རྫས་ལས་སྣོན་ཁང་། : ༢༧ |
|
སྡོད་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཚད། : སྨི་གྲུ་བཞི་མ་ཁྲི་༢༤༢.༨ |
སྐྱེ་ཁམས་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བཏང་ཚད། : བརྒྱ་ཆའི་བརྒྱ་གྲུབ་པ། |
མི་རིགས་ལག་ཤེས་ལས་སྣོན་ཁང་།: ༡༤ |