headerbg
 
zhongyangguanxinbottom

མཐའ་མཚམས་བརྟན་སྲུང་གི་འཐབ་འཛིང་བཙན་རྫོང་བསྐྲུན་པ།

མཐའ་མཚམས་ན་དོན་ཆུང་མེད་ཅིང་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པའི་འདུ་ཤེས་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱས་ཏེ།མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་དང་།མཐའ་མཚམས་སུ་སྡོད་པ།རྒྱལ་ཁོངས་སྲུང་སྐྱོབ་དང་ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པར་སྐུལ་ཁྲིད་བྱས་ནས།མཐའ་མཚམས་བརྟན་སྲུང་གི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་།


དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཟླ་སྒྲིག་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་བཏང་།


མཉམ་ལྔ་བརྟན་ལྔ་ཞེས་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས།མཐའ་མཚམས་ཞིང་འབྲོག་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ།མཐའ་མཚམས་ཀྱི་མངའ་ཁོངས་སྲུང་བ།ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱས།



དམག་དཔུང་གི་དཔོན་དམག་གིས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།



དམག་དཔུང་དང་ས་གནས་བར་སྤེལ་རེས་དང་འབྲེལ་འདྲིས་བྱས་ཏེ་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པ།



ཏང་སྲིད་དམག་མི་དང་མི་དམངས་ཉེན་རྟོག་པས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མཐའ་མཚམས་སྐོར་ཞིབ་བྱེད་པ།



ཏང་སྲིད་དམག་མི་དང་མི་དམངས་ཉེན་རྟོག་པས་ཏང་གི་དར་ཆའི་མདུན་ནས་དམ་བཅའ་འཇོག་པ།


ནུས་ཤུགས་ཡོད་རྒུས་བླ་མེད་རྒྱལ་ཁོངས་སྲུང་སྐྱོབ་མཁན་དང་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་མཁན་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་ཕྱིན་པ་དང་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།



ཁྱིམ་གཞིས་ནི་ཡུལ་སྨད་དང་རྒྱལ་ཁོངས་ནི་ཀྲུང་གོ་ཡིན་ཞེས་པ་དེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སེམས་ལ་བརྟན་པོར་ཟུག་ཡོད།



སྣང་རྫོང་ལྡེམ་མོ་ཤང་ལོ་ལུང་གྲོང་ཚོའི་ཏང་ཡོན་མི་སེར་གྱིས་རང་འགུལ་སྒོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་དགའ་བསུ་དང་བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་དྲུག་ཅུ་འཁོར་བ། ཉིས་སྟོང་བཅུ་དགུ་ལོའི་དཔྱིད་གསར་དང་། བོད་ལུགས་ལོ་སར་ལ་རོལ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།






མོན་པ་དང་ལྷོ་པ། ཤར་པ། སྟེང་པ་བཅས་ཀྱི་བདེ་སྐྱིད་འཚོ་བ།