headerbg
 
zhongyangguanxinbottom
ཀྲུང་དབྱང་གི་ཐབས་ཇུས།

ལོ་ངོ་སུམ་ཅུའི་རིང་ལ་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ཤིང་། ལོ་རྒྱུས་ཀྱི་དུས་རིམ་གལ་ཆེན་ཚང་མར་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཐབས་ཇུས་གལ་ཆེན་བཀོད་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྐྲུན་ཡོད།

ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ།


༡༩༩༤ལོའི་ཟླ༧པའི་ཚེས༢༠ཉིན་ནས་ཚེས༢༣ཉིན་བར་ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིན་དུ་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ལྟེ་བ་གཅིག་དང་དོན་ཆེན་གཉིས་འགན་ལེན་གསུམ་ཞེས་པའི་བོད་ལྗོངས་ལས་ཀའི་མཛུབ་སྟོན་ཁ་ཕྱོགས་གཏན་འཁེལ་དང་། ཁག་བགོས་ནས་འགན་འཁུར་བ་དང་ཁ་གཏད་རོགས་སྐྱོར་བྱེད་པ། དུས་བཅད་ལྟར་རེས་སྐོར་བྱེད་པ་བཅས་ཀྱི་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ནས་པེ་ཅིན་སོགས་ཞིང་ཆེན་དང་གྲོང་ཁྱེར་བཅུ་བཞི་ཡིས་བོད་ལྗོངས་ཀྱི་ས་གནས་དང་གྲོང་ཁྱེར་བདུན་ལ་རོགས་སྐྱོར་བྱ་རྒྱུ་དང་། བོད་ལྗོངས་ནས་ལས་གཞི་དྲུག་ཅུ་རེ་གཉིས་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས། དུས་མཚུངས་སུ་བོད་ལྗོངས་ལ་གཞི་གྲངས་ཞིབ་བཤེར་གཏན་འབེབས་དང་། གཏན་འཁེལ་ཁ་གྲངས་རིམ་འཕར། ཆེད་དམིགས་རོགས་སྐྱོར་སོགས་ནོར་སྲིད་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས༡༩༩༤ལོ་ནས༢༠༠༠ལོའི་བར་བསྡོམས་པོས་བོད་ལྗོངས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་ཉིས་བརྒྱ་གྱ་དགུ་དང་བྱེ་བ་གཅིག་ས་ཡ་བདུན་བཏང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་ཡོང་བར་ཁག་ཐེག་བྱས།



༡༩༩༤ལོའི་ཟླ༧པར་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་ཡུལ་དངོས།




པེ་ཅིན་བོད་ལྗོངས་ཐོག་ཁང་ཆེན་མོ།



བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་ཁ་གཏད་བོད་སྐྱོར་འབྲེལ་བའི་རེའུ་མིག


འགྲེལ། ༡༩༩༧ལོར་ཁྲུང་ཆིང་ཐད་གཏོགས་གྲོང་ཁྱེར་ལ་གྱུར་རྗེས་བོད་སྐྱོར་ལས་འགན་འཁུར་ཞིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་གྲངས་༡༥་ལ་འཕར་ཡོད།


ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ།


༢༠༠༡ལོའི་ཟླ༦ཚེས༢༥ཉིན་ནས་ཚེས༢༧ཉིན་བར་ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིན་དུ་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་བཏོན་པ་དང་། ཁག་བགོས་ནས་འགན་འཁུར་བ་དང་ཁ་གཏད་རོགས་སྐྱོར་བྱེད་པ། དུས་བཅད་ལྟར་རེས་སྐོར་བྱེད་པ་བཅས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པའི་བླང་བྱ་བཏོན་ཅིང་། ཁ་གཏད་བོད་སྐྱོར་ལས་དོན་ལོ་བཅུ་ལ་ཇེ་རིང་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་འབྲེལ་བ་གཞི་རྩའི་ཐོག་མི་འགྱུར་བ། ཅི་ལིན་དང་ཧེ་ལུང་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གསར་དུ་ཁ་སྣོན་དང་། ཀྲུང་དབྱང་གི་ཁེ་ལས་ཆེ་གྲས་བཅོ་ལྔ་བོད་སྐྱོར་ལས་དོན་ནང་ཞུགས་སུ་བཅུག་པས། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་དོན་བཞི་ལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་། དུས་མཚུངས་སུ་བོད་ལ་དམིགས་བསལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ལྗོངས་ལ་ཡོང་འབབ་ཆ་ཚང་སོར་བཞག་དང་། ཁ་གསབ་རོགས་དངུལ་ཇེ་མང་གཏོང་བ། ཆེད་དམིགས་རོགས་སྐྱོར་བྱེད་པ་བཅས་ཀྱི་ནོར་སྲིད་ཁ་གསབ་སྲིད་ཇུས་མུ་མཐུད་དེ་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས༢༠༠༡ལོ་ནས༢༠༠༩ལོའི་བར་བོད་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་ཉིས་སྟོང་བཅུ་གཉིས་དང་བྱེ་བ་བཞི་ས་ཡ་བརྒྱད་བཏང་བ་དང་། བོད་ལྗོངས་ལ་རོགས་སྐྱོར་བྱས་པའི་ལས་གཞི་བརྒྱ་དང་བཅུ་བདུན་དང་། མ་དངུལ་སྒོར་དུང་ཕྱུར་སུམ་བརྒྱ་བཅུ་གཅིག་དང་བྱེ་བ་བདུན་ས་ཡ་བརྒྱད་བཏང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་གནས་བབ་གཞི་རྩའི་ཆ་ནས་བརྟན་བརླིང་ནས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་བ་རེད།



༢༠༠༡ལོའི་ཟླ༦པར་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་པའི་ཡུལ་དངོས།




ལྷ་ས་ནས་གོང་དཀར་བར་གྱི་གཞུང་ལམ་བཅོས་བསྐྲུན་ལས་གཞི།


མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་སའི་བར་གྱི་ལམ་དུམ།


བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི་ཁ་གཏད་བོད་སྐྱོར་འབྲེལ་བའི་རེའུ་མིག


འགྲེལ། ༢༠༠༤ལོར་སི་ཁྲོན་ཞིང་ཆེན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁྱབ་ཁོངས་ལས་བུད་རྗེས། དུས་མཚུངས་སུ་ཝུའུ་ཧན་ངར་ལྕགས་ཚོགས་པའི་སྤྱི་གཉེར་དང་། ཀྲུང་གོའི་ཧ་ཡང་སྤྱི་གཉེར་ཁང་གིས་བབ་བསྟུན་བོད་སྐྱོར་ལས་འགན་འཁུར་བ་རེད།


ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ།


༢༠༡༠ལོའི་ཟླ་དང་པོའི་ཚེས༡༨ཉིན་ནས་ཚེས༢༠ཉིན་བར་ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིན་དུ་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་བརླིང་ཐད་ནས་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། བོད་ལྗོངས་ལས་དོན་ལ་འཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་བོད་ལྗོངས་ལས་ཀའི་མཛུབ་སྟོན་བསམ་བློ་དང་། ལས་འགན་གཙོ་བོ། ལས་ཀའི་བླང་བྱ་བཅས་ཁ་གསལ་བྱས་ནས། བོད་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་ནས་འཐབ་ཇུས་བཀོད་སྒྲིག་བྱས། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དེ་༢༠༢༠ལོའི་བར་དུ་ཇེ་རིང་ལ་གཏོང་བ། བོད་སྐྱོར་མ་དངུལ་བརྟན་འཇགས་རིམ་འཕར་གྱི་ནང་རྐྱེན་བསྐྲུན་ནས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ལོ་འཁོར་གཅིག་གི་བོད་སྐྱོར་དངུལ་གཏོང་ཁ་གྲངས་དེ་ཞིང་ཆེན་དང་གྲོང་ཁྱེར་དེ་གའི་ལོ་འཁོར་སྔ་མའི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་ཀྱི་བརྒྱ་ཆའི་གཅིག་ལྟར་བརྩི་དགོས་པ། ལས་བྱེད་པའི་བོད་སྐྱོར་དང་། དཔལ་འབྱོར་གྱི་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ལག་རྩལ་གྱི་བོད་སྐྱོར་བཅས་ཟུང་འབྲེལ་བྱེད་པའི་ལས་ཀའི་རྣམ་པ་འཐུས་ཚང་དུ་གཏོང་དགོས་པ་བཅས་གཏན་འཁེལ་བྱས་ཤིང་། བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་ལས་གཞིའི་རྣམ་གྲངས་བརྒྱ་དང་བརྒྱད་ཅུ་དང་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་སུམ་བརྒྱ་དོན་བརྒྱད་གཏོང་རྒྱུ་དང་། མུ་མཐུད་དེ་བོད་ལྗོངས་ལ་ཡོང་འབབ་ཆ་ཚང་སོར་བཞག་དང་། ཁ་གསབ་རོགས་དངུལ་ཇེ་མང་གཏོང་བ། ཆེད་དམིགས་རོགས་སྐྱོར་བྱེད་པ་བཅས་ཀྱི་ནོར་སྲིད་སྲིད་ཇུས་ལག་བསྟར་དང་འཐུས་ཚང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས༢༠༡༠ལོ་ནས༢༠༡༤ལོའི་བར་བསྡོམས་པོས་བོད་ལྗོངས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་སུམ་སྟོང་དགུ་བརྒྱ་གྱ་བདུན་དང་བྱེ་བ་གསུམ་ས་ཡ་དགུ་བཏང་ཡོད།།



༢༠༡༠ལོའི་ཟླ་དང་པོར་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པའི་ཡུལ་དངོས།




ཀྲུང་གོའི་ཆེས་མཐའ་མཇུག་གི་རྫོང་བརྒྱུད་གཞུང་ལམ་སྟེ། མེ་ཏོག་རྫོང་གི་གཞུང་ལམ་གྱི་དགའ་ལུང་ལའི་ཕུག་ལམ་ཤར་གཏོང་བྱུང་བ།


ལ་ལྷོ་ཆུ་བེད་ལྟེ་གནས།


ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།


༢༠༡༥ལོའི་ཟླ༨ཚེས༢༤ཉིན་ནས་ཚེས༢༥ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་མིག་སྔར་དང་རྗེས་མའི་དུས་སྐབས་ཤིག་རིང་གི་བོད་ལྗོངས་ལས་ཀའི་མཛུབ་སྟོན་བསམ་བློ་དང་། དམིགས་འབེན་བླང་བྱ། བྱེད་ཐབས་གལ་ཆེན་བཅས་གཏན་འཁེལ་བྱས་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་ནས་འཐབ་ཇུས་བཀོད་སྒྲིག་གནང་། ཚོགས་འདུའི་ཐོག་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་དགོས་པའི་འཐབ་ཇུས་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྱོང་། མི་སེམས་གཅིག་སྒྲིལ། རྨང་གཞི་སྲ་བརྟན་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱུན་ཆད་མེད་པར་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་དགོས་པ་བསྟན། ཚོགས་འདུའི་ཐོག་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་གིས་བོད་ལྗོངས་ལས་ཀའི་ཁྱོན་ཡོངས་ལ་དམིགས་ནས་ཐག་བཅད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གིས་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། ཕུལ་བྱུང་འཇོན་མི་ནི་ཆ་རྐྱེན་ཞན་པ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་མངགས་ནས་བསམ་བློའི་སྙིང་སྟོབས་ལ་སྦྱོང་བརྡར་ཐེབས་པ་དང་། འཇོན་ཐང་གོང་འཕེལ་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད། ཚོགས་འདུ་གྲོལ་རྗེས་ཀྲུང་དབྱང་གིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ནོར་སྲིད་དང་ཁྲལ་བསྡུ་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། བསྒྱུར་བཀོད་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བས། ༢༠༡༥ལོ་ནས༢༠༡༩ལོའི་བར་བསྡོམས་པོས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བདུན་སྟོང་བརྒྱད་བརྒྱ་དོན་དགུ་དང་བྱེ་བ་བདུན་ས་ཡ་བརྒྱད་བཏང་བ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་རིང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལས་གཞིའི་རྣམ་གྲངས་བརྒྱ་དང་གྱ་དགུ་གཏན་འཁེལ་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་དྲུག་སྟོང་ལྔ་བརྒྱ་དོན་དྲུག་བཏང་བས། ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་དུས་སྐབས་དང་བསྡུར་ན་ལྡབ་གཅིག་ཙམ་འཕར་བ་རེད།



༢༠༡༥ལོའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་པེ་ཅིན་དུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ངེས་པར་དུ་དྲུག་ཅེས་པའི་བོད་སྐྱོང་ཐབས་ཇུས་དང་ཡིག་འབྲུ་ཉི་ཤུའི་ལས་ཀའི་རྩ་དོན་བཏོན།




ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་ སྤྱི་ལེ༤༠༩ཡོད་ཅིང་། ལམ་རྒྱུད་དུ་ཟམ་པ༢༢༠དང་ཕུག་ལམ་༢༠བསྐྲུན་ཡོད།


ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཨ་ཐོག་ཁའི་འབྱོར་འབྲིང་གྲོང་ཚོ་གསར་པའི་གནས་སྤོའི་བཀོད་སྒྲིག་གནས།


ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ།


༢༠༢༠ལོའི་ཟླ༨པའི་ཚེས༢༨ཉིན་ནས་ཚེས༢༩ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ལ་དམིགས་ཏེ་མ་ལག་རང་བཞིན་ལྡན་པའི་སྒོ་ནས་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་འགྲེལ་བཤད་གཏིང་ཟབ་བྱས་ཤིང་། མིག་སྔར་དང་རྗེས་མའི་དུས་སྐབས་ཤིག་རིང་གི་བོད་ལྗོངས་ཀྱི་ལས་ཀའི་དམིགས་འབེན་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས་སྔར་བས་གཏན་འཁེལ་གསལ་བོ་བྱས་ནས། བོད་ལྗོངས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བསམ་བློ་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས། ཚོགས་འདུའི་ཐོག་ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་སྲིད་ཇུས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་དགོས། བོད་སྐྱོར་ལས་དོན་གྱིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་ཐུབ་པའི་ལེགས་ཆ་མངོན་གསལ་དོད་པོས་མཚོན་ཡོད་ལ། བོད་ལྗོངས་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་བོད་ལྗོངས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལྗོངས་ཀྱི་ལམ་ལུགས་ཐད་རོགས་སྐྱོར་བྱས་པའི་གསབ་དངུལ་རིམ་སྤར་སྲིད་ཇུས་མུ་མཐུད་ནས་ལག་བསྟར་བྱས་ཏེ་ཡོང་འབབ་ཆ་ཚང་སོར་བཞག་གི་དམིགས་བསལ་ནོར་སྲིད་ལམ་ལུགས་ལེགས་སྒྲིག་དང་འཐུས་ཚང་དུ་གཏང་དགོས་པའི་བླང་བྱ་གསལ་བོར་བསྟན་པ་རེད། ཚོགས་འདུ་གྲོལ་རྗེས་ཡོང་འབབ་ཆ་ཚང་སོར་བཞག་དང་ཁ་གསབ་རིམ་སྤར། མཐའ་མཚམས་འཛུགས་སྐྲུན། སྐྱེ་ཁམས་ཁ་གསབ། དམངས་འཚོའི་ཁ་གསབ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་བཅོ་ལྔ་གཏན་འཁེལ་གསལ་བོ་བྱས་ཤིང་ཀྲུང་དབྱང་ནོར་སྲིད་ཀྱིས༢༠༢༠ལོ་ནས་ད་ལྟའི་བར་བསྡོམས་པོས་བོད་ལྗོངས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་ཆིག་ཁྲི་ཆིག་སྟོང་སུམ་བརྒྱ་གོ་གསུམ་དང་བྱེ་བ་གཅིག་བཏང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་ལས་ཀར་ཤུགས་སྣོན་བརྒྱབ་ནས། ཡང་བསྐྱར་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་ཁེ་ལས་དྲུག་གསར་དུ་བསྣན་པ་རེད།



༢༠༢༠ལོའི་ཟླ༨པར་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པའི་ཡུལ་དངོས།。



དུས་རབས་གསར་པའི་ཏང་གི་བོད་སྐྱོང་བྱེད་ཕྱོགས་ཀྱི་
ངེས་པར་དུ་བཅུ།

ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱ་དགོས།
ངེས་པར་དུ་རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་དགོས་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱ་དགོས།
ངེས་པར་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ལྗོངས་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས།
ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྱོང་། མི་སེམས་གཅིག་སྒྲིལ། རྨང་གཞི་སྲ་བརྟན་གཏོང་བ་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱ་དགོས།
ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས།
ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་དགོས།
ངེས་པར་དུ་མི་རིགས་ཁག་བར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏང་དགོས།
ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་དང་ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱ་དགོས།
ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས་བྱ་དགོས།
ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།



ཁག་བཅུ་པའི་ཁ་གཏད་བོད་སྐྱོར་གྱི་རོགས་སྐྱོར་འབྲེལ་བའི་པར་རིས།

མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་༡༧དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་དང་མི་དམངས་ཚོགས་པ་༧༨དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་རྒྱལ་དབང་རྐང་འཛིན་ཁེ་ལས་གཙོ་བོ་༢༧གྱིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས།



ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་སྐབས་སོ་སོའི་རིང་ལ་ཀྲུང་དབྱང་གིས་བོད་ལྗོངས་ལ་ཁ་གསབ་རོགས་དངུལ་སྤྲད་པའི་གནས་ཚུལ།

སྡེ་ཚན། སྒོར་དུང་ཕྱུར།


༢༠༡༡ལོ་དང་། ༢༠༡༤ལོ། ༢༠༢༢ལོ། ༢༠༢༤ལོར་བཅས་ལ་ཀྲུང་དབྱང་གིས་ད་དུང་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཚོགས་འདུ་ཐེངས་བཞི་འཚོགས་ནས་རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་ཞིང་། དུས་སྐབས་སོ་སོའི་ཁ་གཏད་བོད་སྐྱོར་གྱི་ལས་ཀའི་གཙོ་གནད་ཁ་གསལ་དུ་བཏང་ནས། ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་བར་མ་ཟད། བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་སྔར་བས་མང་པོ་མཁོ་འདོན་བྱས་ཡོད།